ངོ་འཕྲད་བདེ་བའི་དྲ་འབྲེལ།

གངས་རིའི་བྲག་ཅ།

བོད་ཀྱི་འབྲོག་པའི་བུ་ཞིག་ཨོགྶི་ཧྥོར་ཌི་གཙུག་ལག་སློབ་གྲྭ་ནས་འབུམ་རམ་པའི་སློབ་ཐོན་བྱུང་བ


སྤྱི་ལོ་༡༩༨༠་གྱ་གྲངས་ཀྱིས་ནང་བོད་ནས་རྒྱ་གར་ནང་བོད་མི་བཙན་བྱོལ་བ་གསར་པ་ཡོང་བའི་དུས་སྐབས་ཀྱི་ལེའུ་གསར་པ་ཞིག་འགོ་ཚུགས་ཡོད་པ་དང་དེའི་གྲས་ནས་མང་པོ་ཞིག་སྦིར་སློབ་གྲྭར་ནང་སློབ་སྦྱོང་བྱས་ཡོད་ཅིང་ད་ལྟ་བོད་ནས་གསར་འབྱོར་བ་ཟེར་བའི་བཙན་བྱོལ་བ་ཚོ་ཡང་འཛམ་གླིང་ས་ཁུལ་གང་སར་བསླེབས་ཡོད་པ་མ་ཟད། ལས་རིགས་སྣ་ཚོགས་ཀྱི་ནང་དུ་ལས་དོན་བྱེད་བཞིན་ཡོད་པ་རེད། ཐེངས་འདིའི་གངས་རིའི་བྲག་ཅའི་ལེ་ཚན་ནང་སྤྱི་ལོ་༡༩༨༩་ལོར་རྒྱ་གར་སྦིར་སློབ་གྲྭའི་ནང་ཞུགས་པའི་སློབ་གཉེར་བ་ཞིག་ད་ཆ་དབྱིན་ཡུལ་གྱི་ཨོགྶི་ཧྥོར་ཌི་གཙུག་ལག་སློབ་གྲྭ་ནས་འབུམ་རམ་པའི་སློབ་ཐོན་བྱུང་བ་མ་ཚད། ད་ལྟ་སློབ་གྲྭ་དེའི་ནང་ཞིབ་འཇུག་དང་སློབ་ཁྲིད་ཀྱི་ལས་དོན་བྱེད་འགོ་བཙུགས་ཡོད་པའི་སྐོར་ལ།

XS
SM
MD
LG