ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༡༠/༢༣
གཞོན་སྐྱེས་དང་ཤེས་ཡོན།

གཟའ་འཁོར་འདིའི་ནང་བྱས་པའི་ཨ་རིའི་འོས་བསྡུའི་ནང་བོད་མིས་མཉམ་ཞུགས་བྱས་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

གཟའ་འཁོར་འདིའི་ཚེས་ལྔའི་ཉིན་ཨ་རིའི་ནང་འོས་བསྡུ་གནད་ཡོད་ཁག་གཅིག་བྱས་པའི་ནང་ནས་རྣོ་ངར་ཆེ་ཤོས་དེ་ནི་ནིའུ་ཇར་སི་མངའ་སྡེ་དང་ཝི་འཇི་ནི་ཡ་མངའ་སྡེ་གཉིས་ཀྱི་མངའ་སྡེའི་སྤྱི་ཁྱབ་ཀྱི་འོས་བསྡུ་དེ་ཆགས་ཡོད་པ་རེད། མངའ་སྡེ་དེ་གཉིས་ནང་གི་ད་རེས་ཀྱིས་འོས་བསྡུའི་གྲུབ་འབྲས་ལ་གཞིགས་ཏེ་ལོ་རྗེས་མའི་ནང་གྲོས་ཚོགས་ཀྱི་འཐུས་མིའི་འོས་བསྡུ་དང་དེ་བཞིན་ཕྱི་ལོ་༢༠༡༦ལོར་བྱ་རྒྱུའི་སྲིད་འཛིན་འོས་བསྡུ་ཇི་ཡོང་སྔོན་དཔག་བྱེད་ཡས་ཤིག་ཆགས་ཀྱི་ཡོད་འདུག། ང་ཚོའི་གཟའ་འཁོར་འདིའི་གཞོན་སྐྱེས་དང་ཤེས་ཡོན་ལས་རིམ་ནང་ ད་རེས་ཀྱི་འོས་བསྡུའི་སྐབས་སུ་འོས་བསྡུའི་དྲིལ་བསྒྲགས་གནང་མཁན་བསྟན་འཛིན་འཇིགས་མེད་ལགས་ལ་འོས་བསྡུ་དང་འབྲེལ་བའི་ཐད་གླེང་མོལ་ཞུས་པ་ཞིག་གསན་གནང་གི་རེད།

XS
SM
MD
LG