ངོ་འཕྲད་བདེ་བའི་དྲ་འབྲེལ།

འཕྲོད་བསྟེན་དང་དོན་ལྡན་གྱི་མི་ཚེ།

བབ་བླ་དང་མུ་ཟི་སོགས་ནང་ཡོད་པའི་དུག་རྫས་ཤིག་གིས་གློ་བ་ལ་གནོད་སྐྱོང་གཏོང་གི་ཡོད་པ་


དབྱིན་སྐད་ནང་ཨར་སི་ནིག་ཟེར་བའི་དུག་རྫས་དེ་རྡོ་དང་ཆུ་སོགས་ནང་ཡོད་པ་ཞིག་ཡིན་པ་དང་། འོན་ཀྱང་དེའི་ཚད་གཞི་མང་པོ་ཁོག་པའི་ནང་ཕྱིན་ན་སྐྲན་གྱི་ན་ཚ་དང་དེ་མིན་གྱི་ནད་སྐྱོན་མང་པོ་ཞིག་གི་རྐྱེན་བཟོ་གི་ཡོད་པ་རེད། ཐེངས་འདིར་ཨ་མི་རི་ཁའི་བཙུག་ལག་སློབ་གྲྭ་ཁག་གཅིག་གིས་བྷང་ན་དྷི་ཤི་ནང་བྱས་པའི་ཞིབ་མཇུག་ཞིག་གིས་ཤེས་རྟོགས་བྱུང་དོན་ལྟར་ན་ས་ཆ་འགའ་ཤས་སུ་ས་འོག་གི་ཁྲོམ་ཆུའི་ནང་མིའི་འཕྲོད་བསྟེན་ལ་གནོད་པའི་དུག་རྫས་དེའི་ཚད་གཞི་མཐོན་པ་ཡོད་པ་རེད། འདི་གའི་འཕྲོད་བསྟེན་གོམས་གཤིས་དང་དོན་ལྡན་གྱི་མི་ཚེའི་ལེ་ཚན་གྱིས་དུག་རྫས་དེའི་སྐོར་ལ་ཞིབ་མཇུག་དེའི་གཙོ་འགན་ཁུར་མཁན་དང་འབྲེལ་ཡོད་མི་སྣར་གནས་འདྲི་ཞུས་ཏེ་ཕྱོགས་བསྒྲིགས་ཞུས་པ་ཞིག་གཤམ་ལ་གསན་གནང་གི་རེད།

ལེ་ཚན།

ལེ་ཚན་ཁག
XS
SM
MD
LG