ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

བོད་ཀྱི་རྟ་རྒྱུག་དུས་ཆེན་གྱི་འཕོ་འགྱུར།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

སྤྱི་ལོ་༡༩༩༥འི་གོང་དུ་བོད་ཀྱི་ས་ཁུལ་ཚང་མའི་ནང་ལོ་ལྟར་རྟ་རྒྱུག་འཇལ་འཇོག་གི་དུས་ཆེན་གཏོང་སྲོལ་ཡོད་པ་དེས། སྐབས་དེའི་སྤྱི་ཚོགས་དང་དཔལ་འབྱོར། རིག་གཞུང་། སྲིད་དོན་སོགས་ནང་འགན་ཁྲི་ཆེན་པོ་ཞིག་ཁུར་ཡོད་ལ། དེས་བོད་མི་ཚོར་སྤྲོ་སྣང་གི་ཚོར་བ་ཡང་ཆེན་པོ་ཞིག་སྤྲད་ཡོད། འོན་ཀྱང་བོད་ཀྱི་དུས་འགྱུར་གྱི་རྗེས་སུ་སྐྱར་གསོ་བྱས་པའི་དེང་སྐབས་ཀྱི་རྟ་རྒྱུག་དུས་སྟོན་ཁག་ནི་གཅིག་ནས་ཡུལ་སྐོར་དང་དྲིལ་བསྒྲགས་ཀྱི་ཡོ་ཆས་ཤིག་ཏུ་ཆགས་པ་དང་། གཉིས་ནས་སྲིད་དོན་གྱི་ཚོར་བའི་འོག་ནས་འདི་ནམ་ཚོགས་ངེས་པ་མེད་པ་གྱུར་པ་རེད། ལེ་ཚན་འདིའི་ནང་བོད་ཀྱི་གནའ་བོའི་རྟ་རྒྱུག་དུས་སྟོན་གྱི་རྣམ་པའི་སྐོར་ལ་བཙན་བྱོལ་བོད་མི་རྒན་པ་ཁག་གཅིག་གིས་ཕྱེར་དྲན་པའི་དྲན་ཐོ་དང་། དེངས་སྐབས་ཀྱི་གནས་སྟངས་ཐད་དཔྱད་ཞིབ་པའི་འགྲེལ་བརྗོད་བྱས་པ་བཅས་ཕྱོགས་བསྒྲིགས་ཞུས་ཡོད།

XS
SM
MD
LG