ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩
འཕྲོད་བསྟེན་དང་དོན་ལྡན་གྱི་མི་ཚེ།

ཇི་ཙམ་སྐྱེད་མས་རང་གི་ཕྲུ་གུར་འོ་མ་རྒྱུན་རིང་བ་སྟེར་བ་དེ་ཙམ་གྱིས་ཕྲུ་གུའི་རིག་པ་ལ་ཕན།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

དེང་སྐབས་བོད་ཀྱི་གྲོང་ཁྱེར་ཁག་ཚུད་པའི་ཡར་རྒྱས་འགྲོ་བཞིན་པའི་ཡུལ་གྲུ་མང་པོའི་ནང་ཨ་མས་རང་གི་བྱིས་པ་ལ་འོ་མ་མི་སྤྲོད་པའི་ལུགས་སྲོལ་དར་བཞིན་ཡོད་ན་ཡང་། ལུགས་སྲོལ་དེ་ཐོག་མར་འགོ་འཛུགས་བྱེད་མཁན་ནུབ་ཕྱོགས་ཀྱི་སྤྱི་ཚོགས་ནང་དེང་སང་ཕྲུ་གུ་ལ་མ་ཡི་འོ་མ་སྤྲོད་རྒྱུ་གལ་ཆེན་ཡིན་པ་ཤེས་འགོ་ཚུགས་ཡོད། འདི་ག་རླུང་འཕྲིན་ཁང་གི་འཕྲོད་བསྟེན་གྱི་གོམས་གཤིས་དང་དོན་ལྡན་གྱི་མི་ཚེའི་ལེ་ཚན་གཙོ་སྐྱོང་བ་ཡེ་ཤེས་རྡོ་རྗེ་ལགས་ཀྱིས་གནས་ཚུལ་ཕྱོགས་བསྒྲིགས་བྱས་པ་ལྟར་ན། ད་ཆ་ཚན་རིག་པས་དེའི་སྐོར་གལ་གནད་ཆེ་བའི་གནས་ཚུལ་ཤེས་རྟོགས་བྱུང་ཡོད་པ་རེད།།

XS
SM
MD
LG