ངོ་འཕྲད་བདེ་བའི་དྲ་འབྲེལ།

གཞོན་སྐྱེས་དང་ཤེས་ཡོན།

ལྷག་དཀར་གྱི་ཤུགས་རྐྱེན་དང་ནུས་པ།


ཐོག་མར་བོད་ནང་ལོགས་སུ་འགོ་ཚུགས་པའི་ལྷག་དཀར་གྱི་ལས་འགུལ་ཏེ། བོད་པ་ཚོས་རང་གི་ཆོས་དང་རིག་གཞུང། ཡུལ་སྲོལ་གོམ་གཤིས་བཅས་ལ་སློབ་སྦྱོང་དང་བྱང་གོམས་སུ་འགྲོ་བའི་ལས་འགུལ་ཞིག་སྤེལ་ཡོད་ཅིང་། དེང་སྐབས་བོད་ཕྱི་ལོགས་ཀྱི་བཙན་བྱོལ་སྤྱི་ཚོགས་སུའང་བོད་པ་བཙན་བྱོལ་བ་སྤྱི་དང་། ལྷག་པར་དུ་གཞོན་སྐྱེས་ཚོས་ལས་འགུལ་དེར་རྗེས་སུ་ཡི་རངས་ཞུས་ནས་རང་གི་སྐད་ཡིག་དང་རིག་གཞུང་གི་གོམས་སྲོལ་རྣམས་རང་རྒྱུད་ལ་འཇགས་ཐུབ་ཐབས་བྱེད་ཀྱི་ཡོད་པ་མ་ཟད། ད་དུང་བོད་དོན་ལ་གདུང་སེམས་མཉམ་སྐྱེད་བྱེད་བའི་ལས་འགུལ་ཞིག་ལའང་གྱུར་ཡོད་པས། གཟའ་འཁོར་འདིའི་གཞོན་སྐྱེས་དང་ཤེས་ཡོན་ལས་རིམ་ནང་དུ་འདི་ག་ཨ་རིའི་རྒྱལ་སའི་མངའ་ཁུལ་གྱི་གཞོན་སྐྱེས་ཚོས་གཟའ་ལྷག་པ་ནམ་ཡིན་ལ་བོད་དང་བོད་པར་འབྲེལ་ཡོད་པའི་ལས་འགུལ་སྣ་ཚོགས་ཤིག་སྤེལ་གྱིན་ཡོད་པ་དང་། ང་ཚོས་ལྷག་དཀར་ལས་འགུལ་གོ་སྒྲིག་པའི་གྲས་བསྟན་འཛིན་འཇིགས་མེད་ལགས་སུ་གནས་འདྲི་ཞུས་པ་ཞིག་གསན་རོགས་གནང་།།

XS
SM
MD
LG