ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༡༠/༢༣

རྒྱ་ནག་གཞུང་གིས་སློབ་གསོ་སྤྲད་པའི་དགེ་འདུན་པ་རྣམས་དགོན་སྡེ་ཁག་ནང་གཏོང་རྒྱུའི་གྲྭ་སྒྲིག་བྱས་པ།༼༢༽


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

རྒྱ་ནག་གཞུང་གིས་བོད་ཀྱི་སེ་རྭ་དགོན་པ་དང་བསམ་ཡས་དགོན་པའི་ནང་བོད་ བརྒྱུད་ནང་བསྟན་སློབ་གླིང་ཟེར་བའི་ཡན་ལག་སྒོ་འབྱེད་བྱས་པ་དང་། རིམས་ བཞིན་བོད་རང་སྐྱོངས་ལྗོངས་ཀྱི་དགོན་སྡེ་ཚང་མའི་ནང་ཡན་ལག་ལས་ཁུངས་ དེ་འདྲ་འཛུགས་རྒྱུའི་གསལ་བསྒྲགས་བྱས་ནས་དུས་ཡུན་རིང་པོ་མ་སོང་བར། བོད་བརྒྱུད་ནང་བསྟན་སློབ་གླིང་ཟེར་བར་སློབ་སྦྱོང་བྱས་པའི་དགེ་འདུན་པ་དང་སྤྲུལ་སྐུ་རྣམས་སློབ་ཐོན་བྱས་པའི་གཞུང་འབྲེལ་མཛད་སྒོ་ཚོགས་ཡོད་པ་རེད།འདིའི་སྐོར་ལ་གངས་རིའི་བྲག་ཅའི་ལེ་ཚན་གཙོ་སྐྱོང་བ་ཡེ་ཤེས་རྡོ་རྗེ་ལགས་ཀྱིས་རྡ་རམ་ས་ལའི་བོད་གནས་མཉམ་ཞིབ་པ་རྒན་པ་སྤྱི་མཐུན་འབའ་པ་སྐལ་བཟང་རྒྱལ་མཚན་ལ་འདྲི་བ་དྲི་ལེན་ཞུས་པ་ཞིག་གསན་གནང་གི་རེད།

XS
SM
MD
LG