ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

བོད་བརྒྱུད་ནང་བསྟན་སློབ་གླིང་ཟེར་བའི་ཡན་ལག་སེ་རྭ་དགོན་སོགས་ནང་བཙུགས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ནང་པ་སངས་རྒྱས་པའི་ཆོས་དང་བོད་ཀྱི་སྐད་ཡིག་དེ་ཕུགས་སུ་བོད་དེ་བཞིན་རྒྱ་ནག་གི་ཁོངས་སུ་འཇུག་རྒྱུའི་རྒྱ་ནག་གཞུང་གི་སྲིད་ཇུས་ལ་བར་ཆད་བྱེད་མཁན་གཙོ་བོ་ཞིག་ཡིན་པ་པེ་ཅིང་སྲིད་གཞུང་གིས་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། བོད་ཀྱི་དགོན་སྡེ་ཁག་རྣམས་བོད་མིའི་སྟོབས་ཤུགས་ཀྱི་འབྱུངས་ཁུངས་དེ་ཡིན་པ་ངོས་འཛིན་བྱས་ཏེ་དེང་སྐབས་རྒྱ་ནག་གཞུང་གིས་བོད་ཀྱི་དགོན་སྡེའི་ལམ་ལུགས་ལ་འགྱུར་བ་གཏོང་ཐབས་སྣ་ཚོགས་བྱེད་བཞིན་ཡོད་པ་ལས། ད་ཆ་ལས་དོན་དེའི་ཐོག་ཤུགས་སྣོན་ཆེ་རུ་གཏོང་བཞིན་ཡོད་པ་རེད། དེའི་སྐོར་ལ་གངས་རིའི་བྲག་ཅའི་ལེ་ཚན་གཙོ་སྐྱོང་བ་ཡེ་ཤེས་རྡོ་རྗེ་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གནང་གི་རེད།

XS
SM
MD
LG