ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༥/༠༢/༠༧
གཞོན་སྐྱེས་དང་ཤེས་ཡོན།

བོད་ཁྱིམ་སློབ་ཟུར་ཁག་གཅིག་གིས་དཔའ་བོ་དཔའ་མོའི་སློབ་ཡོན་ཐེབས་རྩ་བཙུགས་འདུག


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

རྒྱ་གར་ནང་རྡ་སྟེང་བོད་ཁྱིམ་ནམས་ཐོན་པའི་བུ་བསོད་ནམ་ཚེ་བརྟན་ལགས་ དང་ཁོང་གི་འཛིན་གྲོགས་དང་དགའ་ཉེ་ཚོས་མ་དངུལ་བསྡུ་རུབ་འབུལ་བྱས་ ཏེ་དཔའ་བོ་དཔའ་མོའི་སློབ་ཡོན་ཐེབས་རྩ་ཞེས་པ་ཞིག་ན་ནིང་ལོ་ནས་གསར་ འཛུགས་བྱས་ནས་རྒྱ་གར་གྱི་ནང་སློབ་སྦྱོང་བྱ་རྒྱུའི་འདུནཔ་དང་ཤེས་ཚད་ཡོད་ཀྱང་ དཔལ་འབྱོར་དགོས་དངུལ་མ་འདེང་བའི་སློབ་ཕྲྲུག་ཁག་གཅིག་ལ་སློབ་ཡོན་སྤྲོད་འགོ་ ཚུགས་ཡོད་པ་རེད། འདིའི་ཐད་གཟའ་འཁོར་འདིའི་གཞོན་སྐྱེས་དང་ཤེས་ཡོན་ ལས་རིམ་ནང་དཔའ་བོ་དཔའ་མོ་སློབ་ཡོན་གྱི་འགན་འཁུར་གཙོ་བོ་བཞེས་མཁན་ བསོད་ནམས་ཚེ་བརྟན་ལགས་སུ་པདྨ་བདེ་ཆེན་ལགས་ཀྱིས་གནས་འདྲི་ཞུས་པ་དེ་གསན་གནང་གི་རེད།

XS
SM
MD
LG