ངོ་འཕྲད་བདེ་བའི་དྲ་འབྲེལ།

གཞོན་སྐྱེས་དང་ཤེས་ཡོན།

བོད་ཀྱི་སློབ་ཡོན་ལས་གཞིའི་འོག་སློབ་ཕྲུག་ཚོས་སློབ་སྦྱོང་ཐོན་པའི་རྗེས་ཕྱིར་ལོག་བྱེད་དགོས།


གཟའ་འཁོར་འདིའི་གཞོན་སྐྱེས་དང་ཤེས་ཡོན་ལས་རིམ་ནང་བོད་ཀྱི་སློབ་ཡོན་ལས་གཞིའི་འགན་འཛིན་བསྟན་འཛིན་ཆོས་འཕེལ་ལགས་ལ་གནས་འདྲི་ཞུས་པའི་སྐབས་སུ་ ཁོང་གིས་ད་བར་བོད་པའི་སློབ་ཕྲུག་བཞི་སྟོང་མིན་ཙམ་ལ་སློབ་ཡོན་ལས་གཞི་དེའི་འོག་ཨ་རིའི་ནང་ཡོང་རྒྱུའི་གོ་སྐབས་ཐོབ་སྟེ་གང་ལེགས་བྱུང་ཡོད་པ་ཡིན་ནའང་་སློབ་ཕྲུག་ཚོས་སློབ་སྦྱོང་ཐོན་རྗེས་རང་གནས་སུ་ཕྱིར་ལོག་མ་བྱས་པར་ཨ་རིའི་ནང་མུ་མཐུད་གནས་ཐབས་བྱེད་བཞིན་ཡོད་པའི་རྐྱེན་གྱིས་པ་མ་འོངས་པར་ཨ རིའི་གཞུང་ནས་སློབ་ཡོན་མུ་མཐུད་ཐོབ་རྒྱུར་འགོག་རྐྱེན་འཕྲོད་ངེས་ཡིན་པའི་འགྲེལ་བརྗོད་བྱས་འདུག

XS
SM
MD
LG