ངོ་འཕྲད་བདེ་བའི་དྲ་འབྲེལ།

ལྷ་སའི་“མཁར་རྙིང་སྲུང་སྐྱོབ”ཅེས་པའི་ལས་གཞི་དང་ཁྲོམ་རྭའི་འཛུགས་སྐྲུན་གྱི་ལས་གཞིའི་ཐད་གི་སེམས་འཚབ།


དེང་སྐབས་བོད་ཀྱི་རྒྱལ་ས་ལྷ་སའི་བར་སྐོར་གཡས་གཡོན་གྱི་གནའ་བོའི་ཁང་པ་ཡོད་སར་བྱེད་བཞིན་པའི་འཛུག་སྐྲུན་གྱི་ལས་གཞིའི་ཐད་སྐད་ཆ་མང་པོ་ཐོན་ཡོད་ལ། ཉེ་བའི་ཆར་པེ་ཅིང་དུ་གནས་སྡོད་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ཀྱིས་འཛུགས་སྐྲུན་དེས་བོད་ཀྱི་གྲོང་ཁྱེར་དེ་རྩ་མེད་བཟོ་གི་ཡོད་པའི་སྐྱོན་བརྗོད་བྱས་ཡོད་པ་དང་། རྒྱ་ནག་གཞུང་འབྲེལ་གསར་འགྱུར་ཁག་གིས་དེ་ནི་གནའ་བོའི་མཁར་རྙིང་སྲུང་སྐྱོབ་ཀྱི་ཆེད་དུ་བསྐྱར་གསོ་བྱེད་པ་ཡིན་པའི་སྐད་ཆ་ཤོད་ཀྱི་ཡོད་པ་རེད། ཐེངས་འདིའི་གངས་རིའི་བྲག་ཅའི་ལེ་ཚན་ནང་ལས་གཞི་དེ་དང་དེ་བཞིན་ས་འོག་རླངས་འཁོར་འཇོག་སའི་འཛུགས་སྐྲུན་གྱི་ལས་གཞི་སོགས་ཀྱི་སྐོར་ལ་ལྟ་ཙམ་བྱས་ཏེ་ལེ་ཚན་གཙོ་སྐྱོང་བ་ཡེ་ཤེས་རྡོ་རྗེ་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུས་པ་ཞིག་གསན་གནང་གི་རེད།

XS
SM
MD
LG