ཕ་ཡུལ་གླེང་སྟེགས།
རྒྱ་མའི་གཏེར་ཁ་སྔོག་ཡུལ་དུ་རི་སྙིལ།
དེ་རིང་གི་ཕ་ཡུལ་གླེང་སྟེགས་ལས་རིམ་ནང་དུ་བོད་ཀྱི་རྒྱལ་ས་ལྷ་ས་དང་རྒྱང་ཐང་རིང་པོ་མེད་པའི་མཚམས་སུ་ཡོད་པའི་རྒྱ་མ་ས་ཁུལ་དུ་རྒྱ་ནག་གི་གཏེར་ཁ་སྔོག་ཡུལ་ཞིག་ལ་རི་བསྙིལ་ནས་མི་༨༣་ཙམ་ས་འོག་ཏུ་མནན་པའི་གནས་ཚུལ་ཐོན་ཞིང་། ས་ཁུལ་དེའི་གཏེར་ཁ་སྔོག་འདོན་གྱི་ལས་གཞི་ཁག་གིས་ས་གནས་དེའི་བོད་པ་ཚོར་དཀའ་ངལ་གང་ཞིག་སྤྲོད་ཀྱིན་ཡོད་མེད་དང་བོད་ཀྱི་རང་བྱུང་ཁོར་ཡུག་ལ་གཏོར་བཤིག་ཅི་ཙམ་ཕོག་ཡོད་མེད། རྒྱ་མའི་གཏེར་ཁ་སྔོན་འདོན་གྱི་ལས་གཞི་དེར་དུས་ཡུན་རིང་པོ་ཞིག་ནས་བློ་འཚབ་དང་སྐྱོན་བརྗོད་ཀྱི་ལས་འགུལ་སྤེལ་མཁན་སྐུ་ཞབས་ངག་དབང་འོད་འབར་ལགས་སུ་བགྲོ་གླེང་ཞུས་པ་ཞིག་གསན་རོགས་གནང་།