ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

མཚོ་བོད་ལྕགས་ལམ་གྱིས་ལྕི་བའི་ལྕགས་རིགས་ཀྱི་རྫས་དུག་བསྐྲུན་ཡོད་པའི་སྙན་ཐོན་ཐོན་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

མཚོ་བོད་ལྕགས་ལམ་ཞེས་པ་དེ་སྒོ་འབྱེད་བྱས་ཏེ་ལོ་དྲུག་ལྷག་འཁོར་བའི་སྐབས་འདིར། རྒྱ་ནག་གི་ཁོར་ཡུག་སྲུང་སྐྱོབ་ལས་ཁུངས་དང་། པེ་ཅིང་དུ་ཡོད་པའི་རྒྱ་ནག་ཚན་རིག་ཁང་གཉིས་ཀྱིས་ལྕམ་ལམ་འདིས་ཁོར་ཡུག་ལ་གནོད་སྐྱོན་བཏང་ཡོད་མེད་ལ་བློ་ཁ་མི་མཐུན་པའི་སྙན་ཐོ་རེ་འདོན་སྤེལ་བྱས་ཡོད་པ་རེད། དེའི་སྐོར་ལ་འདི་གའི་གངས་རིའི་བྲག་ཅའི་ལེ་ཚན་གྱི་ལེ་ཚན་གཙོ་སྐྱོང་བ་ཡེ་ཤེས་རྡོ་རྗེ་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུས་པ་ཞིག་གསན་གནང་གི་རེད།

XS
SM
MD
LG