ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧
གཞོན་སྐྱེས་དང་ཤེས་ཡོན།

བཙན་བྱོལ་ནང་གི་བོད་པའི་སློབ་ཕྲུག་གི་སློབ་ཡོན་ཇེ་མང་དུ་གཏང་རྒྱུ་ཡིན་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

བཙན་བྱོལ་བོད་གཞུང་ངམ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ཀྱིས་འདི་ཟླའི་ཚེས་༢༢ ཉིན་བོད་པའི་སློབ་ཕྲུག་ཚོར་ཕན་རླབས་ཅི་ཆེ་ཡོང་སླད་སློབ་ཡོན་གྱི་བྱ་དགའ་དང་དངུལ་འབོར་བཅས་ཇེ་མང་དུ་གཏང་རྒྱུའི་གསལ་བསྒྲགས་གནང་ཡོད་པ་ལྟར་ འདི་གའི་རླུང་འཕྲིན་གྱི་གཟའ་འཁོར་འདིའི་གཞོན་སྐྱེས་དང་ཤེས་ཡོན་ལས་རིམ་ནང་གནད་དོན་དེའི་ཐད་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་ལས་འཕར་སྟོབས་རྒྱལ་ཚེ་རིང་ལགས་ལ་གླེང་མོལ་ཞུས་པ་དེ་གསན་གྱི་རེད།

XS
SM
MD
LG