གཞོན་སྐྱེས་དང་ཤེས་ཡོན།
མ་གཅིག་ཚོགས་པའི་འདུ་འཛོམས་ནང་གཞོན་སྐྱེས་ཕོན་ཆེས་མཉམ་ཞུགས་བྱེད་ཀྱི་ཡོད་པ།
ཕྱི་ཟླ་བཅིུག་པའི་ཚེས་༣ དང་༤ སོ་སོར་ནང་གོ་སྒྲིག་བྱས་པའི་མ་གཅིག་ཚོགས་པའི་འདུ་འཛོམས་ནང་བོད་པའི་གཞོན་སྐྱེས་གཙོ་བོར་གྱུར་པའི་མི་གྲངས་བརྒྱ་ལྷག་མཉམ་ཞུགས་བྱེད་ཡོད་པ་དེའི་སྐབས་བོད་དང་རྒྱལ་སྤྱིའི་འབྲེལ་བའི་གནད་དོན་དང་ལྷག་པར་དུ་བེུད་ཀྱི་ནུས་སྟོབས་འཕེལ་རྒྱས་ཀྱི་ཐད་དམིགས་བསལ་དོ་སྣང་དང་གོ་བསྡུར་སྦྱང་བཤད་གནང་གི་ཡོད་པ་རེད།་འདུ་འཛོམས་དེར་་གཞོན་སྐྱེས་ཚོས་ཧ་ཅང་དོ་སྣང་དང་ཕན་ཚུན་འབྲེལ་བ་ཡག་པོ་བཟོ་བའི་དུས་ཤིག་ལ་ངོས་འཛིན་བྱེད་ཀྱི་འདུག འདིའི་ཐད་ལས་འཆར་དེའི་གོ་སྒྲིག་བ་བསྟན་འཛིན་ནོར་དབྱངས་ལགས་དང་བསྟན་འཛིན་བཀྲས་ཁང་ལགས་གཉིས་ལ་ང་ཚོའི་གཟའ་འཁོར་འདིའི་གཞོན་སྐྱེས་དང་ཤེས་ཡོན་ལས་རིམ་ནང་གནས་འདྲི་ཞུས་པ་དེ་གསན་གྱི་རེད།