ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

ཨ་རིའི་གློག་བརྙན་ཞིག་གིས་རྒྱ་ནག་གི་དངོས་རྫས་དེ་ལས་ཀ་གཏོར་མཁན་གྱི་གོ་མཚོན་ཞིག་རེད་ཅེས་བརྗོད་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

རྒྱ་ནག་ནང་བཟོས་པའི་དངོས་རྫས་ཉོ་ཚོང་བཀག་འགོག་བྱེད་རྒྱུའི་དམིགས་ཡུལ་བཟུང་བའི་གནས་ཚུལ་ཕྱོགས་བསྒྲིགས་ཀྱི་གློག་བརྙན་༼རྒྱ་ནག་གིས་གསོད་པ་༽ཞེས་པ་ཞིག་ད་ཆ་ཨ་མི་རི་ཁའི་ནང་སྟོན་འགོ་ཚུགས་ཡོད་པ་རེད། གློག་བརྙན་དེ་བཟོ་མཁན་དཔལ་འབྱོར་རིག་པའི་འབུམ་རམ་པ་པེ་ཊར་ནཱ་ཝ་རོ་ཡིས་འདི་ག་གངས་རིའི་བྲག་ཅའི་ལེ་ཚན་ལ་འགྲེལ་བརྗོད་བྱས་དོན་ལྟར་ན། ཁོང་གིས་གློག་བརྙན་འདི་བརྒྱུད་དེ་གཅིག་ནས་རྒྱ་ནག་གི་ཅ་དངོས་ནང་འདྲེན་བཀག་འགོག་དང་། གཉིས་ནས་རྒྱ་ནག་དང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་འདི་དང་ཚོང་དོན་གྱི་གནད་དོན་གཉིས་བར་འབྲེལ་བ་༼བསྐྱར་གསོ༽་ཡོང་བ་བྱེད་རྒྱུ་དེ་ཡིན་ཞེས་བརྗོད་ཀྱི་འདུག

XS
SM
MD
LG