བོད་ཀྱི་བེུད་གཅིག་གི་ཡེད་སྐྱོའི་དཀའ་སྡུག་གི་མི་ཚེ།
ལོ་ན་ཆུང་དུས་ནས་ཆང་ས་བརྒྱབས་པ་དང་ཕྲུ་གུ་གཉིས་སྐྱེས་རྗེས་ཁྱོ་ག་དང་ཁ་བྲལ་ཞིང་ད་ལོ་རང་ལོ་༣༧་ཙམ་བསླེབས་པའི་ཚེ་ཀོ་ལགས་ཀྱི་མི་ཚེ་དེ་དཀའ་སྡུག་མེད་པའི་མི་ཚེ་ཞིག་ག་ལ་ཡིན། རང་གི་ཕྲུ་གུ་གཉིས་པོ་བཙུན་མ་དང་གྲྭ་པ་བྱས་ཏེ་དགོན་པའི་ནང་ཆོས་ཞུགས་བྱས་པ་དང་། ཚེ་ཀོ་ལགས་ལ་ཡོད་པའི་རྟ་ནོར་རྣམས་ལྟ་རྟོག་བྱེད་མཁན་མི་གཞན་མེད་པར་དཀའ་ཚེགས་ཆེན་པོ་མྱོང་བཞིན་པའི་སྐབས་སུ། ལོ་འདིའི་ནང་ཁོང་ལ་མི་གཞན་གྱིས་ཚོད་དཔག་མི་ཐུབ་པའི་ཡེད་སྐྱོ་བའི་དཀའ་སྡུག་ཤིག་མྱོང་ཡོད། སྤྱི་ཟླ་གཉིས་པའི་ནང་ཁོང་གི་བུ་མོ་བསྟན་འཛིན་ཆོས་སྒྲོན་གྱིས་རང་ལུས་མེར་སྲེག་བཏང་ནས་འདས་གྲོངས་སོང་བ་དང་། སྤྱི་ཟླ་བརྒྱད་པའི་ནང་ཁོང་གི་བུ་དམ་ཆོས་ལགས་དང་ཁོང་གི་མིང་པོ་ཆུང་བ་གཉིས་མཉམ་དུ་རང་ལུས་མེར་སྲེག་བཏང་ནས་འདས་གྲོངས་སུ་གྱུར་པ་རེད།
ལེ་ཚན།
-
ཟླ་བ་བཅུ་པ། ༡༧།༢༠༡༩
བལ་ཡུལ་ལ་རྒྱ་ཡིག་དར་སྤེལ།
-
ཟླ་བ་བདུན་པ། ༣༠།༢༠༡༩
ཧི་མ་ལ་ཡའི་རི་ཁུལ་གྱི་ཆུ་ལོག
-
ཟླ་བ་གསུམ་པ། ༢༧།༢༠༡༩
བོད་པ་སྲིད་དོན་བཙོན་པ་སོག་མཁར་བློ་གྲོས་རྒྱ་མཚོ།
-
ཟླ་བ་བརྒྱད་པ། ༣༠།༢༠༡༨
ཨ་རིའི་འབྲོག་པའི་ཤ་ཚོང་།
-
ཟླ་བ་བརྒྱད་པ། ༡༥།༢༠༡༨
དཔྱིད་ཀྱི་འབབ་ཆུའི་བོད་གཡག་འབྲོག་པ།
-
ཟླ་བ་བརྒྱད་པ། ༠༩།༢༠༡༨
གཡག་གི་གསང་བའི་རིན་ཐང་ཤེས་ནས་ཨ་རིའི་ནང་གཡག་འཚོ་སྐྱོང་བྱེད་མཁན་མང་དུ་འགྲོ་བ།