ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩
གཞོན་སྐྱེས་དང་ཤེས་ཡོན།

བོད་ཀྱི་སྲོལ་རྒྱུན་ཐང་བྲིས་སྒྱུ་སྩལ་དར་སྤེལ་གླིང་གིས་ཚད་ལྡན་ལྷ་བྲིས་སློབ་ཁྲིད།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ལྷ་བྲིས་བ་སྐལ་བཟང་དམ་ཆོས་ལགས་ཀྱིས་འདས་པའི་མི་ལོ་བཅུ་ལྷག་གི་རིང་བོད་པའི་ན་གཞོན་གཙོ་བོར་གྱུར་པའི་དོན་གཉེར་ཅན་ལ་བོད་ཀྱི་སྲོལ་རྒྱུན་ཐང་བྲིས་ཀྱི་སྒྱུ་སྩལ་སློབ་ཁྲིད་དང་རོགས་འདེགས་བྱས་པའི་མཐར་ ད་ཆ་སློབ་གཉེར་ཁང་དངོས་སུ་སྒོ་འབྱེད་བྱས་ཏེ་སློབ་ཕྲུག་༢༢ ལ་ཐང་བྲིས་སློབ་སྦྱོང་ཚད་ལྡན་སྤྲོད་བཞིན་པ་མ་ཟད་མ་འོངས་པར་བོད་པའི་ན་གཞོན་མང་པོར་བོད་ཀྱི་སྒྱུ་ཙལ་དེ་མི་ཉམས་གོང་མཐོར་གཏོང་རྒྱུའི་འཆར་གཞི་ཡོད་པ་བཅས་ཀྱི་སྐོར་བཞུགས་སྒར་རྡ་རམ་ས་ལར་སྒོ་འབྱེད་བྱུང་བ་སྐལ་བཟང་བོད་ཀྱི་སྲོལ་རྒྱུན་ཐང་བྲིས་སྒྱུ་ཙལ་དར་སྤེལ་གླིང་གི་འགན་འཛིན་དང་དགེ་རྒན་གཅིག་ལྕོགས་སྐལ་བཟང་དམ་ཆོས་ལགས་ཀྱིས་ང་ཚོའི་གཟའ་འཁོར་འདིའི་གཞོན་སྐྱེས་དང་ཤེས་ཡོན་ལས་རིམ་ཐོག་གཏམ་བཤད་གནང་བ་དེ་གསན་གྱི་རེད།

XS
SM
MD
LG