ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༥/༠༡/༡༧
འཕྲོད་བསྟེན་དང་དོན་ལྡན་གྱི་མི་ཚེ།

ཆུ་ཚན་གྱི་ཕན་ཡོན་དང་དེའི་སྐོར་ཤེས་དགོས་པའི་གནས་ཚུལ་ཁག་ཅིག


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

བོད་མཐོ་སྒང་ནི་ཆུ་ཚན་གྱིས་ཕྱུག་པའི་ལུང་པ་ཞིག་ཡིན་པར་བརྟེན་ཆུ་ཚན་གྱི་སྐོར་ལ་བོད་ཀྱི་སྨན་པ་ཚོར་ཤེས་རྒྱ་ཆེན་པོ་ཡོད་པ་ཞིག་ཡིན་པ་སྨན་པ་གཡང་འབུམ་རྒྱལ་ལགས་ཀྱིས་འགྲེལ་བརྗོད་བྱེད་ཀྱི་འདུག་ལ། ཁོང་གིས། གནའ་བོའི་བོད་ཀྱི་སྨན་པ་ཚོས་ཆུ་ཚན་ནང་ཡོད་པའི་རྫས་རིགས་གཞི་ལ་བཞག་ནས་ཆུ་ཚན་ལ་རིགས་ཆེ་བ་ལྔ་དང་ཆུང་བསྟོང་ཕྲག་མང་པོ་དབྱེས་ཡོད་པའི་འགྲེལ་བརྗོད་བྱེད་ཀྱི་འདུག འོན་ཀྱང་དེ་སྔོན་གྱི་བོད་ཀྱི་སྲོལ་རྒྱུན་གྱི་སྨན་པ་ཚོས་མྱོང་མ་མྱོང་བའི་དེང་སྐབས་ཀྱི་དཀའ་ངལ་གསར་པ་དེ་ནི། ཆུ་ཚན་གྱི་ཁོར་ཡུག་གི་གཙང་སྦྲའི་གནད་དོན་དང་། དེ་བཞིན་ཆུ་ཚན་གྱི་རྫིང་བུའི་ནང་མི་རིགས་འདྲ་མིན་མཉམ་སྤྱོད་བྱེད་པའི་བརྒྱུད་རིམ་ནང་ན་ཚ་འགོ་བའི་ཉེན་ཁ་སོགས་ཡིན་སྲིད། ཐེངས་འདིའི་ལེ་ཚན་ནང་ཆུ་ཚན་གྱི་ཕན་ཡོན་དང་དེ་བཞིན་ཚུ་ཚན་སྤྱོད་སྐབས་དོགས་ཟོན་བྱེད་དགོས་པའི་གནད་དོན་སོགས་ཀྱི་སྐོར་ལ་གླིང་མོལ་ཞུ་གི་ཡོད།

XS
SM
MD
LG