ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

དངོས་སུ་མིག་གིས་མཐོང་བའི་བོད་ནང་གི་ད་ལྟའི་གནས་སྟངས། ལེའུ་གཉིས་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

མིག་དམར་རྒྱལ་མཚན་ལགས་བདུན་ཕྲག་གཉིས་རིང་ལྷ་སར་སྡོད་སྐབས། བོད་རང་སྐྱོངས་ལྗོངས་ཟེར་བའི་ཕྱི་ལོགས་ས་ཁུལ་ནས་ཡིན་པའི་བོད་མི་རྣམས་ཕྱེར་འབུད་བྱེད་པའི་སྲིད་ཇུས་ལག་ལྟར་བྱེད་ཤུགས་ཆེ་རུ་ཕྱིན་པ་མཐོང་བ་དང་། ཁོང་ལྷ་ས་ནས་ཐོན་ཏེ་ཁམས་ཕྱོགས་སུ་འགྲོ་དུས་མཉམ་དུ་བོད་མི་གཞན་འགའ་ཡོད་པའི་གྲས་སུ་ཕྲུ་གུ་སྐྱེས་ཚར་ཙམ་གྱི་བུད་མེད་གཅིག་ཀྱང་ཡོད་པ་རེད། སྡེ་དགེ་ནས་ཡིན་པའི་བེུད་དེས་ཁོང་ལ་བརྗོད་པར། ཁོང་ཉིན་གསུམ་ནང་ཚུད་ཕྱེར་ལོག་མ་བྱས་ཚེ་བཙོན་ཁང་ནང་འཇུག་རྒྱུའི་ཉེན་བརྡ་ཕོག་པ་མ་ཚད། བོད་མི་བརྒྱ་སྐོར་ཞིག་བཙོན་འཇུག་བྱས་ཟིན་ཡོད་པའི་གནས་ཚུལ་ཡང་ཤེས་རྟོགས་བྱུང་ཡོད་པ་འགྲེལ་བརྗོད་བྱས་འདུག དེ་བཞིན་ཁོང་གིས་ཤེས་རྟོགས་བྱུང་བ་ཞིག་ལ། ཉེན་རྟོག་པས་བོད་མིའི་ལག་འཁྱེར་ཞིབ་ཤེར་བྱེད་སྐབས། མི་སུ་ཞིག་ཨ་མདོ་རྔ་པ་དང་ཡང་ན་ཁམས་དཀར་འཛིན་ས་ཁུལ་ནས་ཡིན་པ་ཤེས་ཚེ་དེར་མུར་མཛོག་ཞུ་གི་ཡོད་པ་རེད།

XS
SM
MD
LG