ངོ་འཕྲད་བདེ་བའི་དྲ་འབྲེལ།

གངས་རིའི་བྲག་ཅ།

དངོས་སུ་མིག་གིས་མཐོང་བའི་བོད་ནང་གི་ད་ལྟའི་གནས་སྟངས ལེའུ་དང་པོ།


དངོས་སུ་མིག་གིས་མཐོང་བའི་བོད་ནང་གི་ད་ལྟའི་གནས་སྟངས ལེའུ་དང་པོ།
please wait
Embed

No media source currently available

0:00 0:17:29 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

མིག་དམར་རྒྱལ་མཚན་ལགས་ལ་མཚོན་ན། ལྕི་བའི་གོ་མཚོན་སྤྲས་པའི་དམག་གིས་སྐོར་སྲུང་བྱེད་པའི་ལྷ་ས་གྲོང་ཁྱེར་གྱི་རྣམ་པ་དེ་གསར་པ་ཞིག་མ་རེད། ཁོང་འདི་ལོའི་ལོ་སྟོད་དུ་ལྷ་ས་སོགས་བོད་ཀྱི་ས་ཁུལ་མང་པོར་བསྐྱོད་ཡོད། འོན་ཀྱང་ཐེངས་འདིར་ཁོང་ལྷ་སར་སླར་ཡང་འགྲོ་དུས་དེ་སྔོན་དྲག་ཆས་སྤྲས་བའི་དམག་མི་རྣམས་ཀྱིས་ད་ཆ་མེ་གསོད་བྱེད་ཀྱི་ཡོ་ཆས་དང་ཆུ་བླུགས་པའི་ལྕགས་མདོང་ཁྱེར་ནས་སྐོར་སྐྱོད་བྱེད་ཀྱི་ཡོད་པ་མཐོང་འདུག དེ་ནི་བར་སྐོར་ནང་བོད་མི་གཉིས་ཀྱིས་རང་ལུས་མེར་བསྲེག་བཏང་ནས་ཉིན་མང་པོར་མ་སོང་བའི་སྐབས་སུ་ཁོང་ལྷ་སར་འབྱོར་བར་བརྟེན་ནས་རེད། ཐེངས་འདིར་ཁོང་གིས་ང་ཚོར་འགྲེལ་བརྗོད་བྱས་པའི་བོད་ནང་གི་གནས་སྟངས་སྐོར་འདིར་ད་བར་ཕལ་ཆེ་བ་མི་གཉིས་པ་ཞིག་བརྒྱུད་དེ་བསྒྲགས་པའི་བོད་ཀྱི་གནས་ཚུལ་དེ་གསལ་དུ་གཏོང་བའི་ནུས་པ་ཡོད་སྲིད་པར་བརྟེན་ང་ཚོས་ཁོང་གི་མིག་གིས་དངོས་སུ་མཐོང་བའི་གནས་ཚུལ་རྣམས་ཐེངས་འདི་ནས་འགོ་བཙུགས་ཏེ་རྒྱང་སྲིང་བྱེད་ཀྱི་ཡོད།

XS
SM
MD
LG