ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༡༦

རྐང་མར་ནད་པར་སྨོན་ཡོན་འདུ་འགོད།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

བཙན་བྱོལ་བོད་མིའི་གཞིས་ཆགས་མོན་གོ་འདོད་དགུ་གླིང་གི་རང་ལོ་༢༡་ལ་སོན་པའི་ཉི་མ་ལྷ་མོ་ཞེས་པ་ཞིག་ལ་རྐང་མར་གྱི་ནད་གཞི་ཚབས་ཆེ་ཞིག་ཕོག་སྟེ་སྲོག་ཉེན་བྱུང་རུང་། ཉི་མ་ལྷ་མོའི་ཁྱིམ་ཚང་ལ་སྨན་ཡོན་ཕོན་ཆེ་ཞིག་སྤྲོད་རྒྱུ་མེད་པར་དཔལ་འབྱོར་གྱི་དཀའ་ངལ་འཕྲད་ཀྱང་ས་གནས་དེའི་ན་གཞོན་དང་བླངས་ཚོགས་པ་ཁག་གི་ཚོགས་མི་ཚོས་ཐོག་མར་སོ་སོ་རང་གིས་ཧིན་སྒོར་ཆིག་སྟོང་རེ་བསྡུ་ཆ་བརྒྱབ་པ་དང་། དེའི་རྗེས་སུ་མོན་གོ་འདོད་དགུ་གླིང་གི་སེར་སྐྱ་མང་ཚོགས་ལ་ཞལ་འདེབས་སློང་སྟེ། བུ་མོ་དེའི་སྨན་བཅོས་འགྲོ་གྲོན་ལ་འགན་ཁུར་བླངས་ཡོད་པ་མ་ཟད། ད་ནས་ནད་གཞི་སྡུག་ཏུ་ཕྱིན་ན་མ་གཏོགས་དགོས་ངེས་ཀྱི་སྨན་བཅོས་འགྲོ་སོང་ན་གཞོན་དང་བླངས་ཚོགས་པས་གཏོང་ཐུབ་ཡོད་པའི་སྐོར། གཟའ་འཁོར་འདིའི་ང་ཚོའི་གཞོན་སྐྱེས་དང་ཤེས་ཡོན་ལས་རིམ་ནང་དུ་དང་བླངས་ལས་འགུལ་བ་བུ་གཉིས་དང་བུ་མོ་གཅིག་ལ་གནས་འདྲི་ཞུས་པ་དེ་གསན་རོགས་གནང་།

XS
SM
MD
LG