བསྟན་འཛིན་བསོད་ནམས།
བསྟན་འཛིན་བསོད་ནམས་ལགས་དང་ཁོང་གི་བཟའ་ཟླ་གཉིས་ཀྱིས་ལོ་རབས་རྒྱད་བཅུའི་ནང་ནས་ད་ལྟའི་བར་དུ་ལོ་ངོ་༢༥ལྷག་ལ་གློག་བརྙན་བཟོ་བསྐྲུན་གྱི་ཕྱག་ལས་མཉམ་དུ་གནང་ཞིང་། ད་ལྟའི་བར་དུ་གློག་བརྙན་༢༠ཙམ་བཟོས་པའི་ཁྲོད་ཀྱི་༼སྤྲིན་པའི་རྒྱབ་ཀྱི་ཉི་མ༽ལྟ་བུའི་དངོས་བྱུང་གློག་བརྙན་ཁག་ཅིག་ལ་རྒྱལ་སྤྱིའི་སྟེང་དངོས་བྱུང་གློག་བརྙན་ཕྱོགས་ཀྱི་ཚད་མཐོའི་རྟགས་མ་ཐོབ་ཡོད་པ་མ་ཟད། རྒྱལ་སྤྱིའི་གློག་བརྙན་དུས་སྟོན་མང་པོར་ཡང་མཉམ་ཞུགས་དང་གཟིགས་འབུལ་ཞུ་བཞིན་ཡོད་པ་རེད། བསྟན་འཛིན་བསོད་ནམས་ནི་རྒྱ་གར་ནས་སྐྱེས་པའི་བོད་མི་བཙན་བྱོལ་བའི་མི་ཐོག་དང་པོའི་གྲས་ཡིན་པ་དང་ཡང་བཙན་བྱོལ་ནང་གི་གློག་བརྙན་ཕྱོགས་ཀྱི་ཆེད་ལས་སློབ་གཉེར་མཐར་ཕྱིན་གྱིས་ལོ་ངོ་༣༠ལྷག་ལ་གློག་བརྙན་བཟོ་བསྐྲུན་པ་དང་འཁྲབ་གཞུང་རྩོམ་པ་པོའི་ཕྱག་ལས་གནང་མཁན་ཞིག་ཀྱང་ཡིན། བསྟན་འཛིན་བསོད་ནམས་ལགས་ཀྱིས་ཨ་རིའི་རླུང་འཕྲིན་ཁང་གི་བཅར་འདྲི་དང་ལེན་གྱིས། དུས་ཡུན་ཐང་ཐུང་ཞིག་གི་ནང་དུ་བོད་ཀྱི་གློག་བརྙན་སྒྱུ་རྩལ་ཕྱོགས་ཀྱི་ཕྱག་ལས་སྣ་མང་སྤུས་ལེགས་སུ་འཕེལ་བཞིན་པས། མ་འོངས་པའི་བོད་ཀྱི་གློག་བརྙན་རིག་གནས་ལ་རེ་བ་ཆེན་པོ་བཅིངས་ཡོད་ཚུལ་དང་། བོད་ནང་གི་གློག་བརྙན་རྣམས་ཀྱིས་ཁོང་ལ་ངོ་མཚར་བར་བྱེད་ཅིང་གུས་བརྩི་བྱ་དགོས་པར་བཟོས་ཡོད་པར་གསུངས་སོང་།
ལེ་ཚན།
-
སྤྱི་ཟླ་གསུམ་པ། ༠༦།༢༠༢༥བཙན་ལྷ་ངག་དབང་ཚུལ་ཁྲིམས་ཀྱི་སྐུ་ཚེའི་ལོ་རྒྱུས།
-
སྤྱི་ཟླ་གཉིས་པ། ༡༣།༢༠༢༥ལོ་རབས་བརྒྱད་བཅུ་བའི་ནང་གི་གཞས་པ་གྲགས་ཅན་བྱམས་པ་ཚེ་རིང་།
-
སྤྱི་ཟླ་དང་པོ། ༣༠།༢༠༢༥ནུབ་ཕྱོགས་ཀྱི་བོད་པ་དགེ་རྒན་ཆེན་མོ་ཐོག་མ་རིག་འཛིན་དབང་པོ།
-
སྤྱི་ཟླ་བཅུ་གཉིས་པ། ༡༩།༢༠༢༤བསྟན་འཛིན་ཕྱོགས་གླང་། མ་སུ་རི་བོད་ཁྱིམ་གྱི་དྲུང་ཆེ།
-
སྤྱི་ཟླ་བཅུ་གཅིག་པ། ༢༨།༢༠༢༤དགེ་བཤེས་ལྷག་རྡོར་ལགས།
-
སྤྱི་ཟླ་བཅུ་གཅིག་པ། ༡༤།༢༠༢༤ཁ་བའི་མི་སྣ། བླ་མ་དཀར་པོ།