ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

པཱའོ་ཤི་ལེར་ཁྲིམས་ཐག་གཅོད་འཆར།


 པཱའོ་ཤི་ལེར་ཁྲིམས་ཐག་གཅོད་འཆར།
པཱའོ་ཤི་ལེར་ཁྲིམས་ཐག་གཅོད་འཆར།
༄༅།། རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་ལྷན་ཁང་གི་མཐོ་རིམ་འགོ་ཁྲིད་ཀྱི་གྲས་དང་ཁྲུང་ཆིང་གྲོང་ཁྱེར་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཟུར་པ་པཱའོ་ཤི་ལེར་ཟླ་བ་སྔོན་མ་ནས་ཅི་ནན་གྲོང་ཁྱེར་གྱི་མི་དམངས་འབྲིང་རིམ་ཁྲིམས་ཁང་གིས་ཁྲིམས་བཤེར་བྱེད་རྒྱུ་འགོ་ཚུགས་ཏེ། པཱའོ་ཤི་ལེ་ལ་ལྐོག་ཟ་བྱས་པ་དང་སྤྱི་དངུལ་ཧམ་ཟ་བྱས་པ། དེ་བཞིན་དབང་ཆ་བེད་སྤྱོད་ལོག་པ་བཏང་ཏེ་ནས་རང་གི་ཆུང་མས་མི་བསད་པའི་ཉེས་དོན་སྦ་གསང་བྱས་པ་བཅས་ཀྱི་ནག་ཉེས་བཙུགས་ཀྱང་། པཱའོ་ཤི་ལེས་ང་ལ་རང་གི་ལས་དོན་སྒྲུབ་ཕྱོགས་མ་འགྲིགས་པའི་ནོར་འཁྲུལ་བྱུང་ཡོད་སྲིད། ཡིན་ནའང་ང་ལ་ལྐོག་ཟ་བྱས་པས་དང་སྤྱི་དངུལ་ཧམ་ཟ་སོགས་ཀྱི་ནག་ཉེས་གཏན་ནས་མེད་ཅེས་ངོས་ལེན་བྱས་མེད་ཅིང་། རྒྱ་གཞུང་གི་གྱོད་འཛུགས་པ་ཚོས་བཤད་པ་ལྟར་ན། ཕྱི་ལོ་༢༠༡༡་གི་ཕྱི་ཟླ་༡༡་ནང་གུ་ཁེ་ལེས་ཁྲུང་ཆིང་གྲོང་ཁྱེར་གྱི་མགྲོན་ཁང་ཞིག་ཏུ་དབྱིན་ཇིའི་ཚོང་པ་ཧེ་ཝུ་ཌེ་ལ་དུག་བླུད་ནས་བསད་ཀྱང་། པཱའོ་ཤི་ལེས་རང་གི་དབང་ཆ་བེད་སྤྱོད་ལོག་པ་བཏང་ཏེ་ཆུང་མས་མི་བསད་པའི་ཉེས་དོན་དེར་ཞིབ་འཇུག་བྱེད་དུ་བཅུག་མེད་པ་མ་ཟད། ཁོ་ལ་ལྐོག་ཟ་བྱས་པ་དང་སྤྱི་དངུལ་ཧམ་ཟ་བྱས་པའི་ནག་ཉེས་གཞན་པ་ཡང་འདུག་ཅེས་ཁྲིམས་གཏུགས་བྱས་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG