ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་ནང་དྲ་ལམ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་བ།


རྒྱ་ནག་ནང་དྲ་ལམ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་བ། (cnn.com)
རྒྱ་ནག་གཞུང་གིས་དྲ་ལམ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་བར་རྒྱ་ནག་གི་དྲ་ལམ་སྤྱི་དང་ལྷག་དོན་དུ་སི་ནཱ་ཝིས་པོ་འབྲེལ་མཐུད་དྲ་ལམ་གྱིས་གདོང་ལེན་གསར་བ་ཞིག་བྱེད་བཞིན་ཡོད་ཅིང། དེ་ཡང་ཉེ་བའི་ཟླ་བ་ཁ་ཤས་ནང་དྲ་ལམ་དུ་གཞུང་དང་ལྟ་བ་མི་མཐུན་པའི་བསམ་ཚུལ་སྤེལ་མཁན་དང་། ཡང་ན་གཞུང་ལ་ཟུར་ཟ་བྱེད་ཡོད་པའི་སྦྱར་བྱང་ལ་སོགས་པ་བཀག་སྡོམ་དང་དམ་དྲག་བྱེད་ཤུགས་ཆེ་རུ་སོང་ཡོད་པ་འདི་ནི་མ་འོངས་རྒྱ་ནག་གི་དྲ་ལམ་རང་དབང་ལ་བཀག་སྡོམ་བྱེད་པའི་མཚོན་རྟགས་ཤིག་ཡིན་པ་དང་། ཉེ་བའི་ཆར་རྒྱ་ནག་མི་མང་ཆེས་མཐོའི་ཁྲིམས་ཁང་གིས་དྲ་ལམ་ཉེས་ཅན་པར་བརྩི་བའི་ཁྲིམས་ལུགས་གསར་བ་ཞིག་ཀྱང་གཏན་འབེབས་བྱས་ཏེ་ལག་ལེན་བསྟར་འགོ་བཙུགས་འདུག ལྷག་དོན་དུ་སྐད་གྲགས་ལྡན་པའི་དྲ་ལམ་གྱི་མི་སྣ་འཛིན་བཟུང་བཀག་ཉར་བྱེད་བཞིན་པ་སོགས་དྲ་ལམ་དམ་དྲག་དང་དྲ་མང་ལ་འཇིགས་སྣང་སྐུལ་བཞིན་ཡོད་པ་སོགས་ཀྱི་སྐོར་ཚེ་རིང་སྐྱིད་ཀྱིས་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུ་གནང་གི་རེད


XS
SM
MD
LG