ཀ་ཉག་ཚེ་རིང་། གསར་འགྱུར་མཁོ་སྤྲོད་པ།
སྤྱི་ལོ་༢༠༠༨ལོར་བོད་ས་ཁྱོན་ཡོངས་སུ་ཞི་བའི་ངོ་རྒོལ་བྱུང་བ་དང་སྤྱི་ལོ་༢༠༠༩ལོར་རྔ་བ་ཀི་རྟི་དགོན་པ་ནས་རང་སྲེག་ངོ་རྒོལ་གྱི་ལས་འགུལ་མགོ་བརྩམས་པ་ནས། བཞུགས་སྒར་རྡ་རམ་ས་ལའི་ཀི་རྟི་བྱེས་པ་གྲྭ་ཚང་གི་དགེ་མདུན་པ་ཚེ་རིང་ལགས་ཀྱིས་མདོ་སྨད་རྔ་བའི་ཡུལ་གྱི་རང་ལུས་མེར་བསྲེགས་གཏོང་མཁན་བོད་མི་༤༠ལྷག་གི་གནས་ཚུལ་རེ་རེ་བཞིན་ཕྱི་རྒྱལ་གྱི་གསར་ལམ་ཁག་ཏུ་བསྒྲགས་ཐུབ་པ་བྱུང་ཡོད་ལ། གྲྭ་རྐྱང་དཀྱུས་མ་ཞིག་གིས་ཆ་རྐྱེན་དང་ཤེས་ཡོན་མ་འདང་བའི་དཀའ་ངལ་མང་པོར་གདོང་ལེན་གྱིས་མཐའ་མ་ཆེད་ལས་གསར་འགྱུར་མཁོ་སྤྲོད་པ་ཞིག་ཏུ་གྱུར་ཡོད་ལ། ཀི་རྟི་བྱེས་པ་གྲྭ་ཚང་གི་བོད་གནས་ཛ་དྲག་གནས་ཚུལ་མཁོ་སྤྲོད་པའི་ལས་འགན་ཡང་བཞེས་ཡོད། གྲྭ་རྐྱང་ཞིག་གིས་བོད་ནང་གི་བོད་མིའི་དཀའ་ངལ་མང་པོ་ལ་ཞིབ་མཇུག་དང་བསྡུ་ལེན་བྱེད་པའི་རྒྱུད་རིམ་ཁྲོད་ཁོང་གི་སེམས་པར་དཀའ་ངལ་འཕྲད་དེ་སྨན་པར་བསྟེན་དགོས་པའི་གནས་སྟངས་སོགས་ཀྱང་བྱུང་འདུག ཁོང་གིས་བརྗོད་ན། བོད་ནང་གི་བོད་མིའི་དཀའ་ངལ་དངོས་རྒྱལ་སྤྱིའི་སྤྱི་ཚོགས་སྟེང་བསྒྲགས་པར། བོད་ནས་ཡོང་བའི་བོད་མི་དང་བཙན་བྱོལ་ནས་སྐྱེས་པའི་བོད་མི་ཚོ་མཉམ་འབྲེལ་བྱེད་པ་ཡིན་ན་ནུས་པ་ཐོན་ངེས་པ་རེད།
ལེ་ཚན།
-
སྤྱི་ཟླ་གསུམ་པ། ༠༦།༢༠༢༥བཙན་ལྷ་ངག་དབང་ཚུལ་ཁྲིམས་ཀྱི་སྐུ་ཚེའི་ལོ་རྒྱུས།
-
སྤྱི་ཟླ་གཉིས་པ། ༡༣།༢༠༢༥ལོ་རབས་བརྒྱད་བཅུ་བའི་ནང་གི་གཞས་པ་གྲགས་ཅན་བྱམས་པ་ཚེ་རིང་།
-
སྤྱི་ཟླ་དང་པོ། ༣༠།༢༠༢༥ནུབ་ཕྱོགས་ཀྱི་བོད་པ་དགེ་རྒན་ཆེན་མོ་ཐོག་མ་རིག་འཛིན་དབང་པོ།
-
སྤྱི་ཟླ་བཅུ་གཉིས་པ། ༡༩།༢༠༢༤བསྟན་འཛིན་ཕྱོགས་གླང་། མ་སུ་རི་བོད་ཁྱིམ་གྱི་དྲུང་ཆེ།
-
སྤྱི་ཟླ་བཅུ་གཅིག་པ། ༢༨།༢༠༢༤དགེ་བཤེས་ལྷག་རྡོར་ལགས།
-
སྤྱི་ཟླ་བཅུ་གཅིག་པ། ༡༤།༢༠༢༤ཁ་བའི་མི་སྣ། བླ་མ་དཀར་པོ།