ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

ཨི་ཇེབ་མི་དམངས་ཀྱིས་དམག་གི་དྲག་གནོན་ལ་རྒྱབ་སྐྱོར།


ཨི་ཇེབ་མི་དམངས་ཀྱིས་དམག་གི་དྲག་གནོན་ལ་རྒྱབ་སྐྱོར།
ཨི་ཇེབ་མི་དམངས་ཀྱིས་དམག་གི་དྲག་གནོན་ལ་རྒྱབ་སྐྱོར།
༄༅།། ཉེ་ཆར་ཨི་ཇེབ་ཀྱི་དམག་གིས་བར་བརྒལ་སྲིད་གཞུང་ལ་ངོ་རྒོལ་བྱེད་མཁན་ཁ་ཆེ་ཕུ་ནུ་ཚོགས་པའི་རྒྱབ་སྐྱོར་པ་ཚོར་དྲག་གནོན་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨི་ཇེབ་ཀྱི་དམག་གི་འགོ་ཁྲིད་ཚོར་སྐྱོན་བརྗོད་དྲག་པོ་བྱས་པ་དང་། ཐ་ན་ཨ་མི་རི་ཀ་དང་ཡུ་རོབ་མཉམ་འབྲེལ་སོགས་ཀྱིས་ཨི་ཇེབ་ལ་དཔལ་འབྱོར་རོགས་རམ་གཅོད་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ་རུང་། ཨི་ཇེབ་མི་མང་གི་ཁྲོད་དུ་དམག་གི་དྲག་གནོན་ལ་སྐྱོན་བརྗོད་དང་ངོ་རྒོལ་མི་བྱེད་པ་མ་ཟད། དམག་གི་དྲག་གནོན་དེར་ཨི་ཇེབ་ཀྱི་རྒྱ་ཆེའི་མང་ཚོགས་ཀྱིས་རྒྱབ་སྐྱོད་བྱེད་ཀྱི་ཡོད་ཅིང་། དེར་བརྟེན་དམག་སྤྱི་སི་སི་ཡིས་ཁ་ཆེ་ཕུ་ནུ་ཚོགས་པའི་རྒྱབ་སྐྱོར་པ་ཚོར་ཨི་ཇེབ་ཀྱི་དམག་གིས་དྲག་གནོན་བྱས་པ་དེར་དགོས་པ་རྒྱུ་མཚན་ཆེན་པོ་ཡོད། ཨི་ཇེབ་མི་མང་གིས་རང་ཡུལ་གྱི་སྤྱི་ཚོགས་ལ་ཞི་བདེ་བརྟན་ལྷིང་མེད་པ་དམག་གིས་སླར་གསོ་བྱེད་དགོས་ཞེས་ལས་འགན་བཅོལ་ཡོད་པས། ཨི་ཇེབ་ཀྱི་དམག་གིས་ཁ་ཆེ་ཕུ་ནུ་ཚོགས་པའི་རྒྱབ་སྐྱོར་པ་ཚོར་དྲག་གནོན་བྱས་པར་རྒྱ་ཆེའི་མང་ཚོགས་ཀྱི་རྒྱབ་སྐྱོར་ཐོབ་ཡོད་ཅེས་རྒྱུ་མཚན་བགྲངས་ཡོད་པ་རེད།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG