ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱལ་ཚོགས་དང་སི་རི་ཡའི་རྫས་འགྱུར་མཚོན་ཆ།


རྒྱལ་ཚོགས་དང་སི་རི་ཡའི་རྫས་འགྱུར་མཚོན་ཆ།
༄༅།། ཁ་སང་གཟའ་ལྷག་པའི་ཉིན་སི་རི་ཡའི་གཞུང་དམག་གིས་མི་མང་གྱེན་ལངས་པའི་ཐོག་ཏུ་རྫས་འགྱུར་མཚོན་ཆའི་འབར་མདེལ་གཡུགས་པའི་གནས་ཚུལ་ཐོན་ཞིང་། དེར་བརྟེན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཁང་ཛ་དྲག་གི་ཚོགས་འདུ་ཚོགས་ཏེ། རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་གཞོན་པས་སི་རི་ཡའི་གཞུང་དང་མི་མང་གྱེན་ལོག་པ་ཚོས་འཕྲལ་དུ་འཐབ་འཁྲུག་མཚམས་འཇོག་བྱེད་དགོས་པ་དང་། སི་རི་ཡའི་ནང་འཁྲུག་གིས་དཀྱིལ་ཤར་ས་ཁུལ་ཡོངས་ལ་ཤུགས་རྐྱེན་ངན་པ་ཞིག་ཐེབས་བཞིན་ཡོད་པས། དཀྱིལ་ཤར་ས་ཁུལ་ལ་སི་རི་ཡའི་ནང་འཁྲུག་ཁྱབ་གདལ་འགྲོ་རྒྱུ་དེར་བཀག་འགོག་བྱེད་དགོས་ཞེས་བཤད་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG