༄༅། རིང་མིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་ ཨེ་ཤེ་ཡ་མངའ་ཁུལ་གྱི་མི་རིགས་ཚོས་བོད་དོན་ལ་གདུང་སེམས་མཉམ་བསྐྱེད་དང་རྒྱབ་སྐྱོར་གྱི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་རྒྱུའི་འཆར་གཞི་ཡོད་པ་ལྟར་ བོད་དོན་སྒྲིག་འཛུགས་ཁག་གིས་ རྒྱ་གར་གྱི་གནད་ཡོད་གྲོས་ཚོགས་འཐུས་མི་མང་པོ་ཞིག་དང་ཐུག་འཕྲད་གནང་རྒྱུའི་ལས་འཆར་ཞིག་སྤེལ་བཞིན་པ་རེད། འདིའི་སྐོར་རིག་འཛིན་གྱིས་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་ལས་འཆར་འགན་འཛིན་སྤྱི་འཐུས་ཡེ་ཤེས་ཕུན་ཚོགས་ལགས་སུ་གནས་འདྲི་ཞུས་པ་ཞིག་གསན་གྱི་རེད།