ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༣/༡༢/༠༢

རང་ལུས་མེར་སྲེག་བཏང་བ་དེ་རྒྱ་གཞུང་ལ་ངོ་རྒོལ་གྱི་དོན་དུ་མིན་ཚུལ་རྒྱ་གཞུང་གིས་བརྗོད་པ།


ཉེ་དུས་བོད་མདོ་སྨད་རྔ་བ་མཛོད་དགེ་རྫོང་གི་ནང་རང་ལོ་༣༠ལ་སོན་པའི་བུད་མེད་དཀོན་མཆོག་དབང་མོ་ཞུ་བ་ཞིག་གིས་རྒྱ་ནག་གིས་བོད་ལ་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་བྱ་རྒྱུར་རང་ལུས་མེར་སྲེག་བཏང་བའི་སྐོར་གནས་ཚུལ་ཐོན་ཡོད་ཀྱང་ རྔ་བ་ཁུལ་གྱི་རྒྱ་ནག་གཞུང་གི་ཉེན་རྟོག་པའི་འགོ་གཙོ་ཞིག་གིས་ བོད་པའི་བུད་མེད་དེས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཏེ་རང་ལུས་མེར་སྲེག་བཏང་བ་ཞིག་མ་ཡིན་པར་ ཁོང་བཟའ་ཟླས་བསད་དེ་ཕུང་པོ་མེར་སྲེག་བཏང་བ་ཞིག་རེད་ཅེས་བཤད་པའི་སྐོར་ རྒྱ་ནག་དམར་ཤོག་ཚོགས་པའི་དབྱིན་ཡིག་ཚགས་དཔར་ཞིག་གིས་གཟའ་མིག་དམར་ཉིན་གནས་ཚུལ་སྤེལ་ཡོད་སྟབས་ དེ་ལ་བོད་རང་དབང་ཚོགས་པ་དང་ རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་དགག་པ་ནན་པོ་བརྒྱབས་ཡོད་པ་བཅས་ཀྱི་སྐོར་ དཔལ་མོ་མཁས་གྲུབ་ཀྱིས་གནས་ཚུལ་ཕྱོགས་བསྒྲིགས་བྱས་པ་ཞིག་གསན་རོགས་གནང་།
XS
SM
MD
LG