དྲ་བརྙན་གླེང་མོལ། ཨ་མཆོག་མགོན་པོ་དོན་གྲུབ།
ཨ་མཆོག་མགོན་པོ་དོན་གྲུབ་ལ་སློབ་གྲྭ་འགྲིམས་པའི་གོ་སྐབས་གཏན་ནས་རག་མ་མྱོང་ ཡང་། ལོ་ན་༡༢་ཅན་གྱི་རྩྭ་ཐང་གི་ཟོག་རྫུང་ཆུང་ཆུང་ཁོང་གིས་ཆུང་དུས་ནས་དམངས་གཞས་ དང་རོལ་དབྱངས་རང་སྦྱོང་བྱས་པ་དང་། རིམ་བཞིན་བོད་ཡུལ་དུ་སྐད་གྲགས་ལྡན་པའི་སྒྲ་སྙན་གྱི་དགེ་རྒན་དཔལ་མགོན་དང་། བདུད་བྷེ་ལ་སོགས་དང་མཉམ་དུ། མདོ་སྨད་རྨ་ཆུའི་ཟློས་གར་ཁང་དུ་ཆེད་སྦྱོང་གི་རོལ་ཆ་དང་གླུ་གཞས་ལ་སྦྱང་ བརྩོན་གྱིས། བོད་ཡུལ་ནས་གླུ་གཞས་འགྲན་སྡུར་གང་མང་ལ་མཉམ་ཞུགས་ཀྱིས་བྱ་དགའ་རག་མྱོང་། རྒྱ་གར་དུ་ཡོང་ནས་༧གོང་ས་མཆོག་གི་ཐད་བསྐོས་ཀྱིས་བོད་གཞུང་ཟློས་གར་གྱི་གླུ་ གཞས་དགེ་རྒན་གནང་མྱོང་། ད་ལྟ་ཁཱེ་ན་ཌའི་ཟློས་གར་ཁང་དང་མཉམ་ལས་ཀྱིས་རྒྱལ་སྤྱིའི་གར་སྟེགས་གང་སར་བོད་ཀྱི་དམངས་གཞས་ཁྱེར་ནས་གླུ་གཞས་ཀྱི་ལམ་ནས་བོད་ཟེར་བ་ངོ་སྤྲོད་བྱེད་ཀྱིན་ཡོད།ཨ་མཆོག་མགོན་པོ་ཡིས་བོད་ཕྱི་ནང་གཉིས་སུ་གླུ་གཞས་སྒྲ་ཐག་འོད་སྡེར་བརྒྱད་ ཙམ་འགྲེམས་སྤེལ་བྱས་ཡོད་པ་ལ། ཨ་མཆོག་མགོན་པོས་བརྗོད་ན་ཁོང་ནི་གླུ་བ་ཞིག་ལས་ལྷག་པའི་གླུ་གཞས་སྒྱུ་རྩལ་བ་ཞིག་ཡིན་པ་སྟེ། ད་ལྟ་ཁོང་ནི་གདངས་དབྱངས་ཚིག་གསུམ་གསར་རྩོམ་གྱི་བརྩམས་ཆོས་གང་མང་ཡོད་པའི་གླུ་གཞས་སྒྱུ་རྩལ་བ་ཞིག་ཡིན་པ་རེད།
ལེ་ཚན།
-
སྤྱི་ཟླ་གསུམ་པ། ༠༦།༢༠༢༥བཙན་ལྷ་ངག་དབང་ཚུལ་ཁྲིམས་ཀྱི་སྐུ་ཚེའི་ལོ་རྒྱུས།
-
སྤྱི་ཟླ་གཉིས་པ། ༡༣།༢༠༢༥ལོ་རབས་བརྒྱད་བཅུ་བའི་ནང་གི་གཞས་པ་གྲགས་ཅན་བྱམས་པ་ཚེ་རིང་།
-
སྤྱི་ཟླ་དང་པོ། ༣༠།༢༠༢༥ནུབ་ཕྱོགས་ཀྱི་བོད་པ་དགེ་རྒན་ཆེན་མོ་ཐོག་མ་རིག་འཛིན་དབང་པོ།
-
སྤྱི་ཟླ་བཅུ་གཉིས་པ། ༡༩།༢༠༢༤བསྟན་འཛིན་ཕྱོགས་གླང་། མ་སུ་རི་བོད་ཁྱིམ་གྱི་དྲུང་ཆེ།
-
སྤྱི་ཟླ་བཅུ་གཅིག་པ། ༢༨།༢༠༢༤དགེ་བཤེས་ལྷག་རྡོར་ལགས།
-
སྤྱི་ཟླ་བཅུ་གཅིག་པ། ༡༤།༢༠༢༤ཁ་བའི་མི་སྣ། བླ་མ་དཀར་པོ།