དྲ་བརྙན་གླེང་མོལ། རྟའུ་བློ་བཟང་དཔལ་ལྡན།
རྟའུ་བློ་བཟང་དཔལ་ལྡན་ལགས་ནི་དགུང་ལོ་༡༢་ལ་ཕེབས་སྐབས་འཇར་མན་ཎིར་སློབ་སྦྱོང་དུ་ཕེབས་ཏེ་ནུབ་ཕྱོགས་ཀྱི་གསོ་རིག་ལ་སློབ་སྦྱོང་གནང་ཞིང་། ཕྱི་ལོ་༡༩༨༩་ལོ་ནས་བཟུང་སྟེ་འཇར་མན་གྱི་གྲོང་ཁྱེར་བྷན་གྱི་གཙུག་ལག་སློབ་གྲྭའི་ཁོངས་གཏོགས་སྨན་ཁང་ཞིག་གི་ཁོག་ནད་སྡེ་ཚན་ནང་ཕྱག་ལས་གནང་བ་བརྒྱུད་ད་ཆ་ཉམས་མྱོང་ཕུན་སུམ་ཚོགས་པའི་སྨན་པ་རྒན་གྲས་ཤིག་ཆགས་ཡོད། དུས་མཚུངས་ཁོང་ནི་དེང་དུས་ཀྱི་བོད་གཞས་གསར་རྩོམ་པ་གྲགས་ཅན་ཞིག་ཡིན་པ་མ་ཟད། ཁོང་གིས་ལོ་རབས་༨༠ནས་ད་བར་སྐད་གྲགས་ཆེ་བའི་སྤྲིན་འཁོར་འོད་སྡེར་བཞི་ཙམ་འདོན་སྤེལ་གནང་ཡོད། གཤམ་ལ་ང་ཚོས་རྟའུ་བློ་བཟང་དཔལ་ལྡན་ལགས་སུ་ཁོང་གི་མི་ཚེའི་སྐོར་དང་དེང་དུས་བོད་གཞས་ཀྱི་སྐོར་བཀའ་མོལ་ཞུས་པ་ཞིག་ངོ་སྤྲོད་ཞུ་ཡི་ཡིན།
ལེ་ཚན།
-
སྤྱི་ཟླ་གསུམ་པ། ༠༦།༢༠༢༥བཙན་ལྷ་ངག་དབང་ཚུལ་ཁྲིམས་ཀྱི་སྐུ་ཚེའི་ལོ་རྒྱུས།
-
སྤྱི་ཟླ་གཉིས་པ། ༡༣།༢༠༢༥ལོ་རབས་བརྒྱད་བཅུ་བའི་ནང་གི་གཞས་པ་གྲགས་ཅན་བྱམས་པ་ཚེ་རིང་།
-
སྤྱི་ཟླ་དང་པོ། ༣༠།༢༠༢༥ནུབ་ཕྱོགས་ཀྱི་བོད་པ་དགེ་རྒན་ཆེན་མོ་ཐོག་མ་རིག་འཛིན་དབང་པོ།
-
སྤྱི་ཟླ་བཅུ་གཉིས་པ། ༡༩།༢༠༢༤བསྟན་འཛིན་ཕྱོགས་གླང་། མ་སུ་རི་བོད་ཁྱིམ་གྱི་དྲུང་ཆེ།
-
སྤྱི་ཟླ་བཅུ་གཅིག་པ། ༢༨།༢༠༢༤དགེ་བཤེས་ལྷག་རྡོར་ལགས།
-
སྤྱི་ཟླ་བཅུ་གཅིག་པ། ༡༤།༢༠༢༤ཁ་བའི་མི་སྣ། བླ་མ་དཀར་པོ།