ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

བོང་སྟག་དགོན་པའི་གྲྭ་དམ་ཆོས་ཀྱིས་རང་སྲེག་ངོ་རྒོལ།


북한 조선중앙TV가 12일 공개한 은하3호 로켓 발사 장면. 통제소 화면에 비친 모습이다.
북한 조선중앙TV가 12일 공개한 은하3호 로켓 발사 장면. 통제소 화면에 비친 모습이다.

༄ ༅།། དེ་རིང་ཕྱི་ཟླ་༢་ཚེས་༡༧་ཉིན་བོད་ནང་གི་ཞོགས་པའི་ཆུ་ཚོད་༦་ཙམ་་ལ་མཚོ་སྔོན་ ཞིང་ཆེན། ཐེམ་ཆེན་རྫོང་གི་ཁོངས་སུ་ཡོད་པའི་བོང་སྟག་དགོན་པའི་དགེ་བསྐོས་ཟུར་པ་དང་དཔེ་ ཁྲིད་དགེ་རྒན་དམ་ཆོས་བཟང་པོས་རང་ལུས་མེར་སྲེག་བཏང་སྟེ། རྒྱ་ནག་གཞུང་གིས་བོང་སྟག་དགོན་པ་གཙོས་ས་ཁུལ་དེར་དམག་དང་དྲག་ཆས་ཉེན་རྟོག་པ་ འགྲེམ་འཇོག་བྱས་པ་དང་། ད་ལོ་བོང་སྟག་དགོན་པར་སྨོན་ལམ་འཚོགས་མི་ཆོག་ཅེས་བཙན་བཀའ་རིམ་པ་ཞིག་བཏང་བར་ བརྟེན།

མཚོ་སྔོན་ཞིང་ཆེན་ཐེམ་ཆེན་རྫོང་གི་ཁོངས་སུ་ཡོད་པའི་བོང་སྟག་དགོན་པ།
མཚོ་སྔོན་ཞིང་ཆེན་ཐེམ་ཆེན་རྫོང་གི་ཁོངས་སུ་ཡོད་པའི་བོང་སྟག་དགོན་པ།
བོང་ སྟག་དགོན་པའི་དཔེ་ཁྲིད་དགེ་རྒན་དམ་ཆོས་ཀྱིས་རྒྱ་ནག་གཞུང་གིས་དགོན་པའི་གྲྭ་ དམངས་ལ་དམ་བསྒྲགས་དང་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ལ་བཀག་འགོག་བྱས་ཏེ། དགོན་པའི་གྲྭ་དམངས་ཀྱིས་ངོ་རྒོལ་བྱས་ནས་ས་གནས་དེར་ཞི་བདེ་བརྟན་ལྷིང་མེད་པར་ འགྱུར་བའི་གནས་ཚུལ་འབྱུང་ཚེ། ཟིང་འཁྲུག་དེའི་ལན་ཁག་ཐམས་ཅད་རྒྱ་ནག་གཞུང་དང་ས་གནས་་ཀྱི་འགོ་ཁྲིད་ཚོས་ཁུར་ དགོས་ཞེས་རྩོད་པ་བརྒྱབ་པ་དང་། གཟའ་པ་སངས་ཉིན་རང་ལུས་མེར་སྲེག་བཏང་བའི་བོང་སྟག་དགོན་པའི་དཔེ་ཁྲིད་དགེ་རྒན་ གྲྭ་དམ་ཆོས་ནི། དུས་རབས་དགོན་པའི་ལོ་རབས་༩༠་ནང་རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་འབྲས་སྤུངས་ སྒོ་མང་གྲྭ་ཚང་ལ་ཕེབས་ནས་ལོ་ངོ་གཉིས་ཡས་མས་ཤིག་ལ་སློབ་གཉེར་གནང་སྟེ། ཁོང་ཕ་ཡུལ་ལ་ཕྱིར་ལོག་བྱས་པའི་རྗེས་སུ་བོང་སྟག་དགོན་པའི་དགེ་བསྐོས་དང་དཔེ་ ཁྲིད་དགེ་རྒན་སོགས་ཀྱི་ལས་འགན་རིམ་པ་ཞིག་བཞེས་མྱོང་ཡོད་ཅིང་། དེ་རིང་གི་རང་ལུས་མེར་སྲེག་གི་གནས་ཚུལ་ཞིབ་ཕྲ་ཨ་རིའི་རླུང་འཕྲིན་ཁང་གི་ཀུན་ གླེང་བརྙན་འཕྲིན་ལ་གཟིགས་པར་ཞུ།

XS
SM
MD
LG