ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རང་ལུས་མེར་སྲེག་གཏོང་མཁན་བཙུན་མ་བསྟན་འཛིན་ཆོས་སྒྲོན་ལགས་འདས་གྲོངས་སུ་འགྱུར་ཡོད་པ


རང་ལུས་མེར་སྲེག་གཏོང་མཁན་བཙུན་མ་བསྟན་འཛིན་ཆོས་སྒྲོན་ལགས་འདས་གྲོངས་སུ་འགྱུར་ཡོད་པ
རང་ལུས་མེར་སྲེག་གཏོང་མཁན་བཙུན་མ་བསྟན་འཛིན་ཆོས་སྒྲོན་ལགས་འདས་གྲོངས་སུ་འགྱུར་ཡོད་པ

རེས་གཟའ་སྤེན་པའི་ཉིན་བོད་ཀྱི་ས་ཁུལ་ཨ་མདོ་རྔ་པ་རྫོང་གི་མ་མ་བཙུན་དགོན་གྱི་བཙུན་མ་བསྟན་འཛིན་ཆོས་སྒྲོན་གྱིས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་ ལ་ངོ་རྒོལ་བྱས་འདུག་པ་དང་། གནས་ཚུལ་ཐོན་པར་གཞིགས་ན་རང་ལོ་ ༡༨ ཡིན་པ་བཙུན་མ་བསྟན་འཛིན་ཆོས་སྒྲོན་གྱིས་བཙུན་དགོན་ཞོལ་གྱི་གསུམ་མདོའི་ཟམ་ཁ་ ན་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་སྐད་འབོད་བྱས་འདུག་ཅིང་། སྐབས་དེར་ཁོང་གྲོངས་མེད་པ་དང་། དེ་མ་ཐག་དུ་དམག་མི་དང་ཉེན་རྟོག་པ་བསླེབས་ནས་འབར་ཁམས་སུ་ཐད་ཀར་འཁྱེར་ཡོད་པའི་ གནས་ཚུལ་ཐོན་འདུག། ད་ལྟ་རང་གནས་ཚུལ་འབྱོར་གསལ་ལ་གཞིགས་ན་། བཙུན་མ་བསྟན་འཛིན་ཆོས་སྒྲོན་ལགས་འདས་གྲོངས་སུ་འགྱུར་ཡོད་འདུག་པའི་སྐོར་རིག་འཛིན་ལགས་ཀྱིས་འབྲེལ་ཡོད་མི་སྣར་གནས་འདྲི་ཞུས་པ་ཞིག་གསན་རོགས་གནང་།

XS
SM
MD
LG