བོད་ནང་དྲ་རྒྱའི་སྟེང་ལས་ཀའི་གོ་སྐབས་དང་། གཞུང་གི་ཞབས་ཞུའི་ས་མིག་གསལ་བསྒྲགས་ཁག་གི་ནང་། རྒྱ་མི་ཚོར་གོ་སྐབས་མང་བ་དང་།གླ་ཕོག་ཆེ་བ་ཡོད་པ་སོགས་མི་རིགས་དབྱེ་འབྱེད་ཀྱི་བྱ་སྤྱོད་ཤུགས་ཆེ་བྱེད་ཀྱི་ཡོད་པའི་སྤང་རྟགས་གསལ་པོ་ཡོད་ལུགས་སྐོར། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་པ་ཚོས་གསལ་སྟོན་བྱས་པ་དེའི་སྐོར། ཨ་རིའི་རྒྱལ་ས་ཝ་ཤིང་ཏོན་ནང་རྟེན་གཞི་བྱས་པ་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ཞོན་པ་བུ་ཆུང་ཚེ་རིང་ལགས་སུ་འདི་གའི་ལས་བྱེད་ཚེ་བརྟན་ཆོས་སྒྲོན་ལགས་ཀྱིས་གནས་འདྲི་ཞུས་པ་དེ་གསན་གནང་གི་རེད། |