༄༅།། ། ཨ་མི་རི་ཀའི་རིག་གནས་ཀྱི་རྒྱུ་དངོས་རྫུན་བཟོ་བྱས་ཏེ་ཨ་མི་རི་ཀ་རང་ལ་ཕྱིར་ཚོང་བྱེད་རྒྱུས་མཚོན་པའི་ ཚོང་ལས་དྲང་པོ་མི་བྱེད་མཁན་གྱི་རྒྱལ་ཁབ་རྒྱ་ནག་ལ་སོགས་པའི་རིགས་ལ་ ཨ་མི་རི་ཀའི་གཞུང་གིས་གནོན་ཤུགས་སྤྲོད་རྒྱུ་ཤུགས་ཆེ་རུ་གཏང་གི་ཡིན་ཞེས་ ཨ་མི་རི་ཀའི་སྲིད་འཛིན་སྐུ་ཞབས་བྷ་རཀ་ཨོ་བྷ་མ་ཡིས་གསལ་བསྒྲགས་གནང་ཡོད་པའི་སྐོར་ རྒྱལ་སྤྱིའི་གསར་འཕྲིན་ཁག་གི་ཐོག་ཐོན་པའི་གནས་ཚུལ་རྣམས་ དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད་