བོད།

ཨ་མདོ་ཀླུ་ཆུའི་རྟ་མགྲིན་སྐྱབས་ཀྱིས་རང་སྲེག་ངོ་རྒོལ།

ཁ་སང་ཚེས་༢༢་ཉིན་གྱི་དགོང་མོར་བོད་ཀྱི་མདོ་སྨད་ཀླུ་ཆུ་རྫོང་། དཔལ་སྒུར་སྡེ་བའི་བོད་པ་ན་གཞོན་རང་ལོ་༢༣་ཡིན་པ་རྟ་མགྲིན་སྐྱབས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གི་དབང་སྒྱུར་ལ་ངོ་རྒོལ་བྱས་ཡོད་ཅིང་། མདང་དགོང་མཚན་གྱི་ཆུ་ཚོད་བཅུ་བའི་རྗེས་ཙམ་ལ་སྡེ་འདབས་སུ་རྟ་མགྲིན་སྐྱབས་ཀྱིས་རང་ལུས་མེར་སྲེག་གཏོང་བཞིན་པའི་སྐབས་དེར་སྡེ་མི་ཚོས་རྩྭ་ཕུང་ཞིག་ལ་མེ་འབར་པའི་ངོས་འཛིན་གྱིས་མེ་ལྕེ་འབར་བཞིན་པའི་ས་གནས་ལ་བསླེབས་དུས་གཞི་ནས་སྡེ་མི་ཚོས་རྟ་མགྲིན་སྐྱབས་ཀྱིས་རང་སྲེག་ངོ་རྒོལ་བྱས་ནས་འདས་གྲོངས་སུ་ཕྱིན་པ་ཤེས་རྟོགས་བྱུང་འདུག་པ་མ་ཟད། ད་ལྟ་ཀླུ་ཆུ་ཤིས་ཚང་དགོན་པའི་གྲྭ་དམངས་དང་ཀླུ་ཆུའི་ཡུལ་མི། གཞན་ཡང་ཉེ་འཁོར་གྱི་ས་གནས་ཁག་གི་བོད་མི་ཚོ་རྟ་མགྲིན་སྐྱབས་ཚང་ལ་འཛོམས་ཏེ་གདུང་སེམས་མཉམ་སྐྱེད་དང་མཆོད་མེ་འབུལ་བ། བསྔོ་བ་དང་སྨོན་ལམ་འདོན་མཁན་མི་ཚོགས་ཇེ་མང་དུ་སོང་སྟེ། ས་གནས་ཉེན་རྟོག་པ་ཚོས་མི་མང་བཀག་འགོག་བྱེད་ཀྱིན་ཡོད་པའི་གནས་ཚུལ་བྱུང་འདུག་པ་བཅས་ཀྱི་སྐོར། ཚེ་རིང་སྐྱིད་ཀྱིས་གནས་ཚུལ་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུ་ཡི་རེད།
ཨ་མདོ་ཀླུ་ཆུའི་རྟ་མགྲིན་སྐྱབས་ཀྱིས་རང་སྲེག་ངོ་རྒོལ།
ཨ་མདོ་ཀླུ་ཆུའི་རྟ་མགྲིན་སྐྱབས་ཀྱིས་རང་སྲེག་ངོ་རྒོལ།i
|| 0:00:00
...
 
🔇
X
Your JavaScript is turned off or you have an old version of Adobe's Flash Player. Get the latest Flash player.
དྲ་སྣང་གི་བོད། ༢༠༡༤ ཟླ་ ༩ ཚེས་༡༩i
X
19.09.2014
Cyber Tibet Sep 19, 2014 དྲ་སྣང་གི་བོད། ༢༠༡༤ ཟླ་ ༩ ཚེས་༡༩
བརྙན་འཕྲིན།

བརྙན་འཕྲིན། དྲ་སྣང་གི་བོད། ༢༠༡༤ ཟླ་ ༩ ཚེས་༡༩

Cyber Tibet Sep 19, 2014 དྲ་སྣང་གི་བོད། ༢༠༡༤ ཟླ་ ༩ ཚེས་༡༩
བརྙན་འཕྲིན།

བརྙན་འཕྲིན། ཀུན་གླེང་གསར་འགྱུར། ༢༠༡༤ ཟླ་ ༩ཚེས་༡༩

རྒྱ་དཀར་ནག་དང་བོད། གུཇ་རཏ་དང་ལྡི་ལིའི་ངོ་རྒོལ། ཞིས་ཅིན་ཕིང་ལ་འབོད་སྐུལ། ནང་པའི་དགེ་འདུན་པའི་བོད་དོན་ལས་འགུལ། ཆབ་སྲིད་བཙོན་པ་ཁྲཱང་པཱོ་ཀཱང་གི་བུ་མོ། གནས་སྐོར་གྱི་ལམ་ཁ་གསར་པ། ཧྥན་རན་སིས་དྲག་སྤྱོད་པར་གཏོར་རྒོལ། ཤེས་རིག་བཀའ་བློན་གསར་པ། མུམ་བྷེའི་མཛད་འཕྲིན། ཆབ་སྲིད་བཙོན་པ་གློད་གྲོལ་གྱི་ལས་འགུལ། སི་ཀོ་ཊི་ལན་ཌིའི་ཐག་གཅོད།
བརྙན་འཕྲིན།

བརྙན་འཕྲིན། ཀུན་གླེང་གསར་ཤོས།

བརྙན་འཕྲིན།

བརྙན་འཕྲིན། སི་ཀོ་ཌི་ལན་གྱི་འོས་བསྡུ་དང་མདུན་ལམ།

སི་ཀ་ཌི་ལན་གྱི་མང་ཚོགས་ཀྱིས་རང་བཙན་བྱེད་འོས་མིན་གྱི་མང་མོས་འོས་བསྡུ་བྱས་པ་དང་། མང་མོས་འོས་བསྡུ་དེ་ཡི་མཇུག་འབྲས་ལ་རང་བཙན་མི་བྱེད་པར་མུ་མཐུད་དབྱིན་ཇིའི་མནའ་འབྲེལ་རྒྱལ་ཁབ་ནང་སྡོད་རྒྱུའི་ཐག་གཅོད་བྱུང་བ། ད་རུང་ཐག་གཅོད་དེ་ལས་འཛམ་གླིང་སྟེང་གི་ས་ཁུལ་མང་པོའི་སྲིད་གཞུང་གི་འཛིན་སྐྱོང་རྣམ་པ་ལ་ཤུགས་རྐྱེན་ཅི་ལྟར་ཐེབས་བཞིན་པའི་ཐད་བགྲོ་གླེང་བྱེད་རྒྱུ་ཡིན།

འབྲེལ་མཐུད་བརྒྱུད་ལམ།