ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༥/༡༡

རྒྱ་རི་བློ་གྲོས་རྒྱལ་མཚན་རིན་པོ་ཆེ་ལ་ཆེ་བསྟོད་སྣེ་ལེན་ཞུས་ཡོད་པ།


ཟླ་བ་འདིའི་ཕྱི་ཚེས་༡༨ རེས་གཟའ་དམིག་དམར་ཉིན། ཨ་མི་རི་ཀའི་གྲོས་གོང་མའི་ཚོགས་ཁང་ཞིག་གི་ནང་༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཟུར་པ་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ཟུར་པ་རྒྱ་རི་ བློ་གྲོས་རྒྱལ་མཚན་མཆོག་ལ་ཆེ་བསྟོད་ཀྱི་སྣེ་ལེན་ཞུས་ཡོད་ཅིང། དེ་ཡང་། ཨ་མི་རི་ཀའི་རྒྱལ་ས་ལྦ་ཤོན་ཊོན་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་དང་། བོད་དོན་ལ་ཐུགས་འཁུར་བཞེས་མཁན་ ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་ཁག་ཅིག་མཉམ་རུབ་ཀྱི་ཐོག་ནས། རྒྱ་རི་བློ་གྲོས་རྒྱལ་མཚན་ལགས་ཀྱིས་ ད་ཕན་བོད་དོན་ཐད་ཕྱག་ལས་གནང་བ་ཁག་ལ་ཆེ་བསྟོད་ཞུ་ཆེད་མཛད་སྒོ་ཞིག་གོ་སྒྲིག་གནང་བ་ཞིག་ཡིན་ཞིང་། མཛད་སྒོར་ཨ་རིའི་གྲོས་ཚོགས་འཐུས་མི་དང་། གྲོས་ཚོགས་ཀྱི་ལས་བྱེད། དེ་བཞིན། རྒྱ་རི་བློ་གྲོས་ལགས་ཀྱི་སྐུ་ཟླ་དང་ནང་མི་བཅས་འབྲེལ་ཡོད་མང་པོ་ལྷན་ཞུགས་གནང་ཡོད་པ་རེད།

XS
SM
MD
LG