ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༥/༠༢

ཧོང་ཀོང་ནང་མི་དམངས་སྟོང་ཕྲག་མང་པོས་ཁྲོམ་སྐོར་མུ་མཐུད་བྱེད་བཞིན་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


གཟའ་ཟླ་བའི་ཉིན་ཧོང་ཀོང་མི་དམངས་ཁྲི་ཕྲག་འགའ་ཞིག་གིས་མུ་མཐུད་ནས་ ཧོང་ཀོང་སྲིད་གཞུང་གི་ལས་ཁུངས་གཡས་གཡོན་དང་ གཞན་ཡང་དངུལ་ཁང་མང་པོ་ཡོད་སའི་ས་ཁུལ་ཁག་གཅིག་གི་གཞུང་ལམ་བཀག་ནས་ངོ་རྒོལ་བྱེད་བཞིན་ཡོད་འདུག

དེ་ནི་ཧོང་ཀོང་མི་དམངས་གིས་ ཉེ་དུས་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༧ ལོའི་འོས་འདེམས་སྐབས་སུ་ཧོང་ཀོང་གི་འཛིན་སྐྱོང་སྤྱི་ཁྱབ་དེ་འོས་འདེམས་གང་འདྲ་བྱེད་དགོས་པའི་སྐོར་གྱི་ཐག་གཅོད་དེར་ངོ་རྒོལ་བྱས་པ་ཞིག་ཡིན། ཡང་དེ་རིང་ཧོང་ཀོང་སྲིད་གཞུང་གི་ཉེ་འགྲམ་དུ་ཡོད་པའི་ངོ་རྒོལ་བ་སྟོང་ཕྲག་འགའ་ཞིག་གིས་ ད་ལྟའི་ཧོང་ཀོང་གིས་སྤྱི་ཁྱབས་ ལང་ཀྲན་དབྱིང་ལས་གནས་ནས་དགོངས་པ་ཞུ་དགོས་ཞེས་སྐད་འབོད་བྱེད་བཞིན་འདུག

འདས་པའི་ཉིན་གསུམ་ཙམ་རིང་གི་ཁྲོམ་སྐོར་ལས་འགུལ་ནང་ ཉེན་རྟོག་མི་སྣས་ དུག་རླངས་བཏང་བ་མ་ཟད་ ཁྲོམ་སྐོར་བ་འགའ་ཞིག་འཛིན་བཟུང་བྱས་ཡོད་རུང་ ངོ་རྒོལ་བ་ཚོས་མུ་མཐུད་ནས་ཁྲོས་སྐོར་རྒྱུན་འཁྱོངས་བྱས་ཡོད་པ་རེད།

ཁྲོམ་སྐོར་གྲྭ་སྒྲིག་བྱེད་མཁན་གི་འགོ་ཁྲིད་གཙོ་བོ་ཡིན་པའི་སྐུ་ཞབས་ཁྲན་ཅན་མིང་གིས་ཧོང་ཁོང་མི་དམངས་ཀྱི་དམངས་གཙོ་རྩོད་པའི་སེམས་ཤུགས་ཆེན་པོ་དེ་འདྲ་ཞིག་ཡོད་པ་ནི་དེ་སྔ་ཁོང་གིས་ཚོད་དཔག་བྱེད་ཐུབ་མ་སོང་ཞེས་བརྗོད་པ་དང་ ཡང་ལས་འགུལ་འདི་འཚམས་འཇོགས་བྱེད་པའི་ཐབ་ལམ་གཅིག་ལས་མེད་པ་འདི་ནི་ ད་ལྟའི་ཧོང་ཀོང་གི་སྤྱི་ཁྱབ་ལན་ཀྲན་དབྱིང་ ལས་གནས་ནས་དགོངས་པ་ཞུས་ཏེ་ ཧོང་ཀོང་གི་དམངས་གཙོའི་འོས་འདེམས་སྐོར་ལ་འབྲེལ་ཡོད་ཕྱོགས་ཁག་གིས་གྲོས་མོལ་གསར་པ་ཞིག་འགོ་བཙུགས་དགོས་ཀྱི་རེད་ཅེས་བཤད་འདུག

XS
SM
MD
LG