སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་རྒྱལ་ལོ་༢༡༥༠རབ་གནས་ཆུ་ཡོས་ལོའི་བོད་ཀྱི་གནམ་ལོ་གསར་དུ་བཞད་པའི་དགའ་སྟོན་ལ་གཞིས་བྱེས་བོད་མི་ཡོངས་སུ་འཚམས་འདྲི་གནང་བ།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཉེ་ཆར་ཏུར་ཀི་དང་སི་རེ་ཡ་རྒྱལ་ཁབ་གཉིས་ཀྱི་ནང་ས་ཡོམ་བརྒྱབ་པའི་རྐྱེན་མི་མང་པོར་སྲོག་སྐྱོན་བྱུང་བ་དང་ལུང་པར་གོད་ཆག་ཆེན་པོ་ཕོག་པར་འདི་ཚེས་༧་ཉིན་ཐུགས་གསོའི་བཀའ་ཡིག་སྩལ་གནང་མཛད་ཡོད་ཅིང་། དགའ་ལྡན་ཕོ་བྲང་ཐེབས་རྩ་ནས་ཀྱང་རོགས་དངུལ་གནང་།
ཉེ་ཆར་བཞུགས་སྒར་རྡ་རམ་ས་ལར་ཉིན་གཉིས་ཀྱི་རིང་འཚོགས་པའི་སཱི་ཤེས་ཡོན་ནམ། སྤྱི་ཚོགས་དང་། སེམས་མྱོང་། བཟང་སྤྱོད་བཅས་ཀྱི་ཤེས་ཡོན་སློབ་གསོའི་ཚོགས་འདུའི་ནང་བགྲོ་གླེང་ཇི་བྱུང་དང་། ད་བར་རྒྱལ་ཁབ་ཅི་ཙམ་གྱི་ནང་ལག་བསྟར་ཐུབ་ཡོད་མིན། མ་འོངས་མུ་མཐུད་གོང་སྤེལ་གནས་སྟངས་བཅས་ཀྱི་སྐོར་ལ་བཀའ་མོལ་ཞུས་ཡོད།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ཚེས་༢༤ཉིན་བཞུགས་སྒར་དུ་དབུས་སྨན་རྩིས་ཁང་གི་སློབ་ཐོན་པ་རྣམས་ལ་མཇལ་ཁ་གནང་ཡོད་ཅིང་། སྐབས་དེར་༧གོང་ས་མཆོག་གིས་བོད་ཀྱི་གསོ་བ་རིག་པ་མི་ཉམས་རྒྱུན་འཛིན་བྱ་དགོས་པ་ཧ་ཅང་གི་གལ་ཆེན་པོ་ཡིན་པ་བཀའ་གནང་ཡོད་པའི་སྐོར།
༧གོང་ས་མཆོག་ནས་རྒྱ་གར་གྱི་གུ་ཇ་ར་དཱ་མངའ་སྡེ་དང་ལྷོ་ཀོ་རི་ཡ་གཉིས་སུ་མི་མང་པོའི་ཚེ་སྲོག་ཤོར་ཏེ་རྐྱེན་ངན་གོ་ཆག་བྱུང་བ་ཁག་ལ་ཐུགས་གསོའི་གསུང་འཕྲིན་སྩལ་འདུག
ཕྱི་ལོ་༢༠༢༢ ཟླ་༩ ཚེས་༧ ཉིན་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པ་དེ་བཞིན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གི་དབུ་བཞུགས་ཐོག་དབུ་འཛུགས་གནང་སོང་། ཚོགས་གཙོའི་དབུ་འཛུགས་གསུང་བཤད་ནང་རྒྱ་ནག་ནང་གི་ཆབ་སྲིད་འགྱུར་བ་དང་། བོད་ནང་གི་ཏོག་ནད་ཀྱི་གནས་སྟངས་སོགས་ཡོད།
བོད་ཀྱི་རྒྱལ་ས་ལྷ་ས་གཙོས་པའི་ས་ཁུལ་མང་པོའི་ནང་ཏོག་དབྱིབས་ནད་དུག་འགོས་ཁྱབ་འགྲོ་བཞིན་པའི་སྐབས་འདིར་བོད་མིའི་སྒྲིག་འཛུགས་ཀྱིས་བོད་ནང་བོད་མི་ཚོར་གདུང་སེམས་མཉམ་བསྐྱེད་གནང་གི་ཡོད་པ་མ་ཟད། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཐུགས་སྨོན་སྐྱབས་འཇུག་ཡོང་བའི་༧སྙན་གསེང་ཞུས་ཡོད་ཅེས་གསུངས་པའི་སྐོར།
བོད་ཀྱི་རྒྱལ་ས་ལྷ་ས་གཙོས་པའི་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ས་ཁུལ་མང་པོ་ཞིག་ལ་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་ཡོད་པའི་སྐབས་འདིར། མི་རྣམས་ཀྱིས་རིམས་ནད་འགོག་བཅོས་ཀྱི་ཐད་ལུས་སེམས་གཉིས་ནས་གདོང་ལེན་ཇི་ལྟར་བྱེད་དགོས་མིན་ཐད་ཀྱི་བཀའ་སློབ་ལམ་སྟོན་སོགས་ཕྱོགས་སྒྲིག་བྱས་ཡོད།
ཀུན་གླེང་ལས་རིམ་དུ་ཨུ་རྒྱན་བསྟན་འཛིན་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་དང་བླངས་ཞུ་གཏུག་ལས་འགུལ་ཚུགས་དགོས་པའི་དམིགས་ཡུལ་དང་། ད་ལྟའི་ཆར་ཚོགས་མི་འཛུལ་ཞུགས་བྱེད་མཁན་ག་ཚོད་བྱུང་བ་སོགས་ཀྱི་ཐད་ཕྱི་དྲིལ་འགྲོ་བ་མིའི་ཐོབ་ཐང་ཚན་པའི་འགན་འཛིན་འབྲུག་བསྟན་སྐྱིད་ལགས་དང་གླེང་མོལ་ཞུས་ཡོད།།
ཐེངས་འདིའི་ཀུན་གླེང་གི་ལེ་ཚན་ནང་༧གོང་ས་ཏཱ་ལའི་བླ་མའི་དཔེ་མཛོད་དང་ཡིག་ཚགས་ཁང་གི་སྐོར་༧གོང་ས་ཏཱ་ལའི་བླ་མ་དགེ་རྩའི་དྲུང་ཆེ་འཇམ་དཔལ་ལྷུན་གྲུབ་ལགས་དང་ལྷན་དུ་གླེང་མོལ་ཞུས་ཡོད།
ཐེངས་འདིའི་ཀུན་གླེང་གི་ལེ་ཚན་ནང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་འབུམ་རམས་པ་ཚེ་དབང་རྡོ་རྗེ་ལགས་དང་ལྷན་དུ་འཕགས་བོད་ས་མཚམས་སུ་ཚོང་ལམ་ཁག་ཅིག་ཡོད་པ་དེ་དག་གི་བོད་དེ་ལོ་རྒྱུས་ཐོག་ནས་རང་བཙན་གྱི་གནས་བབ་ཆགས་ཀྱི་ཡོད་མིན་གྱི་གནས་སྟངས་སྐོར་གླེང་མོལ་ཞུས།
Kunleng discuss with Geshe Lobsang Monlam regarding the newly launched 223 volumes of Grant New Monlam Dictionary and its new website and app.
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཚེས་༢༢ཉིན་བཞུགས་སྒར་ཕོ་བྲང་དུ་ཨ་རིའི་གཞུང་གི་གནད་ཡོད་མི་སྣའི་སྐུ་ཚབ་ཚོགས་ཆུང་ལ་མཇལ་ཁ་སྩལ་བ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ཀྱིས་ཨ་རིའི་གནད་ཡོད་མི་སྣའི་སྐུ་ཚབ་ཚོགས་ཆུང་དང་མཇལ་འཕྲད་ངོ་སྤྲོད་བྱས་ཡོད།