ཆབ་སྲིད་བཙོན་ངོ་སྤྲོད། ཐེངས་འདིའི་ཆབ་སྲིད་བཙོན་པ་ངོ་སྤྲོད་ཀྱི་ལེ་ཚན་ནང་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་ཚེ་རིང་ལགས་དང་། རྔ་བ་ནས་ཡིན་པའི་བོད་ཀྱི་བུད་མེད་ཆབ་སྲིད་བཙོན་པ་བཀྲ་ཤིས་སྐྱིད་ལགས་རྣམ་གཉིས་ངོ་སྤྲོད་བྱས་ཡོད།
བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ད་ལོའི་བཅོ་ལྔ་མཆོད་པ་ནི་རྒྱུད་སྨད་གྲྭ་ཚང་གི་རྒན་བློ་བཟང་དར་རྒྱས་ལགས་ཀྱི་གཙོ་འགན་འོག་བཞེངས་འདུག ཁོང་གིས་ཨ་རིའི་རླུང་འཕྲིན་ཁང་ལ་བཅོ་ལྔ་མཆོད་པ་བཞེངས་པའི་བརྒྱུད་རིམ་དང། ལྷག་པར་བོད་ཀྱི་ཐུན་མོང་མ་ཡིན་པའི་མར་ཚོན་ལས་གྲུབ་པའི་མར་རྒྱན་སྒྱུ་རྩལ་སྐོར་ངོ་སྤྲོད་གནང་སོང་།
བོད་ཀྱི་བུད་མེད་སྒེར་ལངས་ཉིན་མོའི་ཨ་རིའི་རླུང་འཕྲིན་ཁང་གི་བོད་ཀྱི་བུད་མེད་ལེ་ཚན་ནང་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཞོན་ཚེ་རིང་སྒྲོལ་མ་ལགས་དང། རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་རིག་འཛིན་ཆོས་སྒྲོན་ལགས་གཉིས་དང་ལྷན། བོད་དོན་ལས་འགུལ་ནང་བོད་པའི་བུད་མེད་ཀྱི་ནུས་པའི་ཐད་གླེང་མོལ་ཞུས་ཡོད།
ཐེངས་འདིའི་ཆབ་སྲིད་བཙོན་པ་ངོ་སྤྲོད་ཀྱི་ལེ་ཚན་ནང་བོད་ཀྱི་ཆབ་སྲིད་བཙོན་ཟུར་རྡོ་གཅོད་དཀོན་མཆོག་བསྟན་དར་ལངས་ངོ་སྤྲོད་ཀྱི་ཚན་པ་གཉིས་པ་དེ་གོ་སྒྲིག་བྱས་ཡོད།
རྡོ་གཅོད་དཀོན་མཆོག་བསྟན་དར་ནི་༡༩༣༨ ལོར་ཁམས་བྲག་གཡབ་དུ་སྐྱེས། ༡༩༥༨ ལོར་ཁམས་བྲག་གཡབ་རྫོང་གི་བཅོ་བརྒྱད་དྲུག་བཅུའི་ཡུལ་དམག་གི་ཁོངས་སུ་ཞུགས་ནས། བཙན་རྒོལ་རྒྱལ་སྐྱོབས་ཀྱི་དམག་འཐབ་ཐེངས་༢༤ བྱས་མཐར། མི་ལོ། ༡༩ ལྷག་རྒྱ་ཡི་བཙོན་འོག་དུ་དཀའ་སྡུག
དེ་རིང་གི་ཆབ་སྲིད་བཙོན་པ་ངོ་སྤྲོད་ཀྱི་ནང་ལ། ཁྲི་ཀ་རྫོང་ནས་ཡིན་པའི་བོད་པའི་བུ་མོ་ཚེ་རིང་མཚོ་དང་། རང་ལོ་༢༢ཡིན་པའི་བོད་མདོ་སྨད་རྨེའུ་རུ་མ་ཡུལ་ཚོ་སྡེ་པ་ནས་ཡིན་པའི་དབང་མོ་གཉིས་རྒྱ་ནག་གཞུང་གིས་བཙོན་དུ་བཅུག་པ་དང་། ཁོང་གཉིས་ལ་ཉེན་རྟོག་པས་མནར་གཅོད་བཏང་བ། ཉེས་མིང་འོག་བ་འཛིན་བཟུང་བྱས་པའི་སྐོར་ཡོད།
ཆབ་སྲིད་བཙོན་པ་དགེ་འདུན་པ་ཆོས་ཀྱིས། ཐེངས་འདིའི་ཆབ་སྲིད་བཙོན་པ་ངོ་སྤྲོད་ཀྱི་ལེ་ཚན་ནང་༧གོང་ས་མཆོག་གི་སྐུའི་གྱ་སྟོན་དང་འབྲེལ་བའི་ལས་འགུལ་སྤེལ་ལུགས་ཀྱི་ཉེས་མིང་འོག་རྒྱ་ནག་གི་ཉེན་རྟོག་པས་སྤྱི་ལོ་༢༠༡༥ ལོར་གསེར་རྟ་རྫོང་ནས་འཛིན་བཟུང་བྱས་པའི་དགེ་འདུན་པ་ཆོས་ཀྱིས་ལགས་ངོ་སྤྲོད་བྱས་ཡོད།
བོད་གཞུང་གི་ཆ་དང་དམག་མི་སྐུ་ཞབས་བུ་བཟང་ལཊ་སྤྱི་ལོ་༡༩༦༡ ཟླ་ ༤ ཚེས་ ༡༥ ཉིན་རྒྱ་དམག་གིས་དམག་ས་ནས་འཛིན་བཟུང་བྱས་རྗེས། མི་ལོ་༡༨ ལྷག་གི་རིང་ལྷ་སའི་ཉེ་འདབས་སུ་ཆགས་པའི་གསང་ཡིབ་བཙོན་ཁང་དུ་བཙོན་འཇུག་ཀྱིས་ཆབ་སྲིད་བཙོན་པ་གཞན་དང་མི་འདྲ་བའི་ལུས་སེམས་གཉིས་ཀར་བསམ་ཡུལ་ལས་འདས་པའི་དཀའ་ངལ་འཕྲད་ཡོད་པ་རེད།
བསོད་ནམས་ཕུ་ཀ་ནི་བོད་མདོ་ཁམས་འབའ་རུ་སྐྱེས་ཤིང་། ཆུང་དུས་བོད་ཀྱི་རྒྱལ་ས་ལྷ་སར་ཁོ་མོའི་ཨ་མ་ལགས་དང་ལྷན་དུ་མི་གཡོག་དང་གད་སྙིགས་སྒྲུག་པ་སོགས་ཀྱི་ངང་འཚོ་བ་སྐྱེལ་མྱོང་། རྒྱ་གར་ནང་བཙན་བྱོལ་དུ་འབྱོར་རྗེས་རང་ཁྱིམ་དུ་འགུལ་བརྙན་བཟོ་བཞིན་བོད་པའི་བྱིས་པ་ཚོར་བོད་ཀྱི་ཡུལ་སྲོལ་གོམས་གཤིས་ངོ་སྤྲོད་བྱེད་བཞིན་པ་རེད།།
དེ་རིང་གི་དམིགས་བསལ་ལས་རིམ་ནང་ཕྱག་བདེ་བ་བཀོད་སྒྲིག་བྱས་ཡོད། བོད་ཀྱི་དགོན་སྡེ་ཁག་གི་ཆོས་ཕྱོགས་ཀྱི་དུས་ཆེན་ཁག་གི་སྐབས། དགེ་འདུན་པར་གསོལ་ཇ་སོགས་འདྲེན་མཁན་གྱི་རབ་བྱུང་བ་རྣམས་ལ་ཕྱག་བདེ་བ་ཟེར་བ་བཞིན། ཕྱག་བདེ་བ་ཚོར་ཐུན་མོང་མ་ཡིན་པའི་ལམ་སྲོལ་ཅི་ཡོད་སོགས་ངོ་སྤྲོད་བྱས་ཡོད།
ཆབ་སྲིད་བཙོན་པ་སྐུ་ཞབས་བུ་བཟང་ངོ་སྤྲོད། དང་པོ། ཐེངས་འདིའི་ཆབ་སྲིད་བཙོན་པ་ངོ་སྤྲོད་ཀྱི་ལེ་ཚན་ནང་༡༩༦༠ ལོར་ཨ་རིར་གསང་བའི་སློབ་སྦྱོང་དུ་བསྐྱོད་མྱོང་ཞིང་ལོ་༡༨ ལྷག་ལ་རྒྱ་ནག་གི་བཙོན་ཁང་ནང་བསམ་ཡུལ་ལས་འདས་པའི་དཀའ་སྡུག་མྱངས་པའི་དམག་མི་སྐུ་ཞབས་བུ་བཟང་ལགས་ངོ་སྤྲོད་བྱས་ཡོད།
བོད་ཀྱི་དགོན་སྡེ་ཁག་གི་ཆོས་ཕྱོགས་ཀྱི་དུས་ཆེན་ཁག་གི་སྐབས། དགེ་འདུན་པར་གསོལ་ཇ་འདྲེན་མཁན་གྱི་རབ་བྱུང་བ་རྣམས་ལ་ཕྱག་བདེ་བ་ཟེར་བ་བཞིན། སེར་སྨད་གྲྭ་ཚང་གི་རྒན་བློ་བཟང་ཡོན་ཏན་ལགས་ནི་དེ་སྔ་བོད་རང་བཙན་གྱི་སྐབས་གདན་ས་ཆེན་པོ་གསུམ་གྱི་ཡ་གྱལ་སེ་ར་དགོན་པའི་དགེ་འདུན་པ་ཡིན་ཞིང་། ཕྱག་བདེ་བ་གནང་མྱོང་མཁན་ཞིག་ཀྱང་ཡིན།
ཆབ་སྲིད་བཙོན་ཟུར་ངག་དབང་གསང་གྲོལ་ལགས་ནི། ༡༩༧༧ ལོར་བོད་ཀྱི་རྒྱལ་ས་ལྷ་སར་འཁྲུངས་ཤིང་། ༡༩༩༠ ལོར་རང་ལོ་༡༣ ཐོག་ཞི་བའི་ངོ་རྒོལ་གྱི་ལས་འགུལ་ནང་མཉམ་ཞུགས་ཀྱིས་རྒྱ་ནག་གཞུང་གིས་བཙོན་འཇུག་བྱས། ཟླ་བ་བཅུ་ཙམ་སྡུག་སྦྱོང་མནར་གཅོད་བཏང་མཚམས་སུ་གློད་གྲོལ་བཏང་། ལོ་གཅིག་ཙམ་གྱི་རྗེས་སུ་སླར་ཡང་བཙོན་འཇུག་དོ་དམ་འོག་ཚུད།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ། དགེ་ལུགས་ཆོས་བརྒྱུད་འཛིན་པ་ཡོངས་ནས། སྤྱི་ལོ་གསར་པའི་ཚེས་གཅིག་གི་ཉིན། གནས་མཆོག་རྡོ་རྗེ་གདན་དུས་དབང་གསུང་ཆོས་ར་བའི་ནང་བླ་མ་མཆོད་པའི་ཆོ་གའི་ངང་ནས་བརྟན་བཞུགས་བསྟར་འབུལ་ཞུས་གནང་སོང་།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་དང་། ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་གྲ་སྒྲིག་ཚོགས་པ། རྡོ་རྗེ་ལྡན་རྣམ་རྒྱལ་གྲྭ་ཚང་གཙོ་བོར་གྱུར་བའི་དད་ལྡན་སྦྱིན་བདག་རྣམས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར། ད་རིང་དུས་དབང་གསུང་ཆོས་ར་བའི་ནང་སྒྲོལ་མ་ཉེར་གཅིག་གི་རྗེས་གནང་བཀའ་དྲིན་སྩལ་གནང་སོང་།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཚེས་༢༧ ཉིན་རྒྱལ་སྤྱིའི་པཱ་ལི་དང་ལེགས་སྦྱར་ཆོས་བརྒྱུད་ཀྱི་དགེ་འདུན་པའི་དབར་ཤེས་ཡོན་བརྗེ་ལེན་གྱི་ལས་གཞིའི་ཚོགས་བསྡུའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་ནས་བཀའ་ཕེབས་གནང་བ་སྐལ་བཟང་འཇིགས་མེད་ལགས་ཀྱིས་རྡོར་གདན་ནས་ངོ་སྤྲོད་བྱས་ཡོད།
ཕྱག་འཚལ་སྐོར་སྦྱོང་གི་ཕན་ཡོན་གྱི་སྐོར་འདི་ག་རླུང་འཕྲིན་ཁང་གསར་འགོད་པ་སྐལ་བཟང་འཇིགས་མེད་ཀྱིས་བྱེས་ཀྱི་གདན་ས་ཆེན་པོ་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་དགེ་བའི་བཤེས་གཉེན་ཆེན་པོ། ལྷ་རམས་པ་གྲགས་པ་ངག་དབང་སྐལ་བཟང་ལགས་སུ་བཀའ་འདྲི་ཞུས་པ་དེ་གཟིགས་རོགས་གནང།
ཐེངས་འདིའི་ཆབ་སྲིད་བཙོན་པ་ངོ་སྤྲོད་ཀྱི་ལེ་ཚན་ནང་ཆབ་སྲིད་བཙོན་པ་ངག་དབང་སངས་སྒྲོན་ལགས་ངོ་སྤྲོད་བྱས་ཡོད།
ཐེངས་འདིའི་ཆབ་སྲིད་བཙོན་པ་ངོ་སྤྲོད་ཀྱི་ལེ་ཚན་ནང་བོད་ཀྱི་ཆབ་སྲིད་བཙོན་པ་གྲགས་ཅན། རོང་རྒྱས་ཨ་གྲགས་ལགས་ཀྱི་ཚ་བོ་ལི་ཐང་དགོན་ཆེན་གྱི་དབུ་ཟུར། ཨ་ཀྲུག་བློ་སྤོ་ལགས་ངོ་སྤྲོད་བྱས་ཡོད།
མི་ལོ་༢༠ ལྷག་གི་རིང་རྒྱ་ནག་གཞུང་གི་བཙོན་ཁང་ནང་དཀའ་སྡུག་མྱོང་དགོས་བྱུང་བའི་བོད་གཞུང་དགའ་ལྡན་ཕོ་བྲང་གི་ལྔ་པ་རྩེ་མགྲོན་དང་། སྐུ་སྒེར་དྲུང་ཆེའི་ཕྱག་རོགས་བགྲེས་ཡོལ་སྐུ་ངོ་བྱམས་པ་ཚུལ་ཁྲིམས་ངོ་སྤྲོད་ཞུ་རྒྱུ་ཡིན།
མང་སྣོན།