བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་བོད་ཟླ་དང་པོའི་ཚེས་ ༡༥ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཆོས་རའི་ནང་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཚོགས་མགོན་དུ་དབུ་བཞུགས་བསྐྱངས་གནང་གིས། སྐྱེས་རབས་ཀྱི་གསུང་ཆོས་དང་། སེམས་བསྐྱེད་ཀྱི་ཆོས་འབྲེལ་སྩལ་གནང་མཛད་སོང་།
བཙུན་དགོན་དགེ་ལྡན་ཆོས་གླིང་གི་དགེ་བཤེས་མ་བློ་བཟང་བྱང་ཆུབ་ལགས་དང་ལྷན་དུ། ཁོང་གིས་རྩོམ་སྒྲིག་གནང་བའི་དཔེ་དེབ། དགེ་ཚུལ་གྱི་བསླབ་བྱ་གཅེས་བཏུས་ཞེས་པའི་ནང་དོན་དང་དགོས་དམིགས། བྱེ་བྲག་ཏུ་དགེ་བཤེས་མའི་ཡིག་རྒྱུགས་ཁོངས་སུ་ཞུགས་མཁན་སློབ་གཉེར་བ་དག་གིས་དེའི་ཐོག་ལ་ཐུགས་སྣང་གནང་ཕྱོགས་སོགས་དང་འབྲེལ་ནས་བཀའ་མོལ་ཞུས།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་གཞུང་འབྲེལ་གྱི་གསུམ་བཅུའི་དུས་དྲན་སྲུང་བརྩི་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ལྡི་ལིར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་དུ་རྒོལ་མཆོང་ལས་འགུལ་སྤེལ་བ། བལ་ཡུལ་དུ་གསུམ་བཅུའི་དུས་དྲན་སྲུང་བརྩི། རྒྱ་གར་ལྷོ་ཕྱོགས་སུ་ཞི་བའི་ངོ་རྒོལ་བྱས་པ་སོགས་ཡོད།
བོད་ནང་རྒྱ་ནག་གཞུང་གིས་དྲག་པོའི་དམག་ཁྲིམས་བསྡམས་ཏེ། གཞིས་བཞུགས་བོད་མིས་བཟོད་པར་དཀའ་བའི་དཀའ་སྡུག་མྱངས་དགོས་བྱུང་བར་རྗེས་དྲན་ཆེད། གཞུང་འབྲེལ་གསུམ་བརྒྱད་མཆོད་འབུལ་སྨོན་ལམ་དེ་བཞིན་དེ་རིང་ཕྱི་ཟླ་༣ ཚེས་༨ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་འཚོགས་གནང་ཡོད་པའི་སྐོར་འདིར་གསལ།
ཀུན་གླེང་ལས་རིམ་དུ་འཇམ་དབྱངས་རྒྱ་མཚོ་ལགས་ཀྱིས་དགེ་བཤེས་བློ་བཟང་གྲགས་པ་ལགས་དང་ལྷན་དུ་བོད་ཀྱི་ལོ་གསར་གཞུང་འབྲེལ་གྱིས་སྲུང་བརྩི་ཞུ་སྟངས་དང་། དགུང་གསར་ཉིན་གསུམ་རྗེས་ཀྱི་ལྷ་ལྡན་སྨོན་ལམ་ཆེན་མོས་མཚོན་པའི། བཅོ་ལྔ་མཆོད་པ། བྱམས་པ་གདན་འདྲེན་ལ་སོགས་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་གི་སྐོར་ལ་བཀའ་མོལ་ཞུས་པ་ཞིག་ཡིན།
དེ་རིང་ཕྱི་ཟླ་ ༢ ཚེས་ ༢༤ ཉིན་ནི་ཉེ་ལམ་བོད་ནང་ས་ཡོམ་གོད་ཆག་འོག་རྐྱེན་འདས་སུ་ཕྱིན་པ་རྣམས་ཀྱི་ཞེ་དགུའི་དུས་མཆོད་དེ་ཆགས་ཀྱི་ཡོད་པས། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དབུས་གཙང་ཆོལ་ཁས་གཙོས་ཚོགས་སྐྱིད་ཁག་བཞི་ཐུན་མོང་གིས་གོ་སྒྲིག་འོག་ཞེ་དགུའི་མཆོད་འབུལ་སྨོན་ལམ་གོ་སྒྲིག་གནང་སོང་།
༧གོང་ས་མཆོག་ནས་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་ཉིན་གྲངས་ལྔ་བཅུ་ཙམ་རིང་གི་མཛད་འཆར་ཁག་ལེགས་པར་གྲུབ་སྟེ། དེ་རིང་ཕྱི་ཟླ་ ༢ ཚེས་ ༢༡ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད་བཞུགས་སྒར་དུ་ཞབས་སོར་འཁོད་ལམ། དད་ལྡན་སེར་སྐྱ་མི་མང་རྣམ་པས་ལག་ཏུ་མཇལ་དར་དང་བདུག་སྤོས་སོགས་བསྣམས་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་གནང་སོང་།
ཀུན་གླེང་དུ་འཇམ་དབྱངས་རྒྱ་མཚོས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འབུམ་རམས་པ་ཚེ་དབང་རྡོ་རྗེ་དང་ལྷན་ཁོང་གིས་འདོན་སྤེལ་གནང་བའི་ཞིབ་འཇུག་སྙན་ཐོ། དྲང་སྲོང་སྲིན་བུ་རིའི་གནས་སྤོའི་ལས་གཞིར་དཔྱད་པ་ཞེས་པའི་ནང་འཁོད་པའི་རྒྱ་ནག་གཞུང་གི་སྐྱེ་ཁམས་གནས་སྤོའི་ལས་གཞིའི་དམིགས་པ་དང་ཤུགས་རྐྱེན་སོགས་ཀྱི་ཐད་གླེང་མོལ་ཞུས་ཡོད།
རྒྱ་གར་གྱི་རྒྱལ་ས་ལྡི་ལི་མངའ་སྡེའི་གྲོས་ཚོགས་ཀྱི་འཐུས་མིའི་འོས་བསྡུ་བྱས་ཏེ། ཕྱི་ཚེས་ ༨ རེས་གཟའ་སྤེན་པའི་ཉིན་འོས་བསྡུའི་གྲུབ་འབྲས་ཡོང་བསྒྲགས་གནང་བའི་ནང་། རྒྱ་གར་གྱི་མི་འབོར་ས་ཡ་ ༢༠ ལྷག་གནས་སྡོད་བྱེད་སའི་ལྡི་ལི་མངའ་སྡེའི་ནང་ཁྱོན་གྲོས་ཚོགས་ཀྱི་འཐུས་མིའི་ཞབས་སྟེགས་ ༧༠ ཐམ་པ་ཡོད་པ།
བཀྲ་ཤིས་ལྷུན་པོའི་ཆོས་གྲྭའི་ནང་དགའ་ལྡན་ཕོ་བྲང་གིས་གོ་སྒྲིག་ཞུས་པའི་༸སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་གི་འདས་མཆོད་ཐོག་ཆིབས་སྒྱུར་དབུ་བཞུགས་དང་། དེ་རིང་ཕྱི་ཚེས་ ༡༠ ཉིན་བཀའ་བློན་ཁྲི་ཟུར་དམ་པ་ཁོང་གི་ཆེད་དུ་མྱ་ངན་རྗེས་དྲན་གྱི་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཡང་འཚོགས་གནང་ཡོད་པ་རེད།
ལྡི་ལིར་རྟེན་གཞི་བྱས་པའི་འཚེ་བ་མེད་པའི་ཐབས་ལམ་གྱི་གདམ་གའི་ཐེབས་རྩ་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ཟུང་འབྲེལ་གྱིས་གཉེར་བའི་བོད་ཀྱི་གནས་སྟངས་ལ་གཞིགས་ཏེ་རྒྱ་ནག་གི་སྲིད་དབང་རྒྱ་བསྐྱེད་བརྟན་བཟུང་སྲིད་བྱུས་ཀྱིས་རྒྱ་གར་གྱི་ས་ཁམས་འཐབ་རྩོད་དང་བདེ་འཇགས་ཐབས་བྱུས་ལ་ཤུགས་རྐྱེན་ཞེས་པའི་བགྲོ་གླེང་ཚོགས་འདུ་ཞིག
པ་ན་མ་གཙང་པོའི་ཚོད་འཛིན་ཐད་ཨ་རྒྱའི་འགལ་ཟླ་ཇེ་ཆེར་འགྲོ་བཞིན་པའི་སྐབས་འདིར་ཨ་རིའི་ཕྱི་སྲིད་དྲུང་ཆེ་མར་ཀོ་རུ་བྷེའོ་ཡིས་པ་ན་མ་ལ་ཉེན་བརྡ་བཏང་ཡོད་པ་རེད། ཕྱི་སྲིད་དྲུང་ཆེ་མར་ཀོ རུ་བྷི་ཡོ་མཆོག་གིས་པ་ན་མར་གཞུང་འབྲེལ་འཚམས་གཟིགས་སྐབས། པ་ན་མའི་སྲིད་འཛིན་ཧོ་སེ་ ར་ཧུལ་ མུ་ལི་ནོ་ མཆོག་དང་མཇལ་འཕྲད་གནང་ཡོད་ཅིང་།
ཀུན་གླེང་དུ་རྒྱ་ནག་གི་མིས་བཟོས་རིག་ནུས་Deepseek ཞེས་པ་དེས་ཨ་རི་གཙོས་རྒྱལ་སྤྱིའི་སྟེང་ཤུགས་རྐྱེན་ཅི་ཐེབས་དང་། བྱེ་བྲག་Deepseek རིག་ནུས་དེས་རྐྱེན་པས་རྒྱ་ནག་ལ་དྲིལ་བསྒྲགས་དང་བོད་དོན་ལ་ལོག་འགྲེལ་ཇི་འགྲོ། དེ་བཞིན་རིག་ནུས་དེས་འཛད་སྤྱོད་པ་སྒེར་གྱི་བདེ་འཇགས་ཀྱི་གནས་སྟངས་ཅི་ཆགས་སོགས་དང་འབྲེལ་ནས་བཀའ་མོལ་ཞུས།
ཕྱི་སྲིད་དྲུང་ཆེ་མར་ཀོ རུ་བྷི་ཡོ་ཡིས་ཕྱག་ལས་གནང་འགོ་འཛུགས་ཙམ་གྱི་སྐབས་འདིར་རྒྱ་ནག་གཞུང་གིས་ཁོང་གི་རྒྱ་མིང་གི་རུས་མིང་ལུ་བི་ཡོ་ཡི་ལུ་ཟེར་བ་དེའི་སྒྲ་གདངས་འགྱུར་བ་བཏང་ཡོད་པ་རེད།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གིས་བྱམས་ཆོས་དང་རིགས་ཚོགས་ཀྱི་དགུན་ཆོས་ལ་གཟིགས་ཞིབ་མཛད་པ། ཨ་རིའི་སྲིད་འཛིན་གྱི་དམ་འབུལ་མཛད་སྒོ། དིང་རིའི་ས་ཡོམ་གོད་ཆག་འོག་དགོན་པ་གྲྭ་ཚང ༡༣ ལ་གཏོར་སྐྱོན། བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་གསལ་བོར་བཏོན་པའི་སྙན་ཐོ་སོགས་ཡོད།
ཀུན་གླིང་གི་དམིག་བསལ་ལས་རིམ་ནང་བོད་མིའི་སྒྲིག་འཛུགས་དང་གཞུང་ཁོངས་མ་ཡིན་པའི་ཚོགས་སྡེ་ཁག་ནས་ཨ་རིའི་གཞུང་འཛིན་གསར་པར་བོད་དོན་ཐོག་རེ་བ་དང་འབོད་སྐུལ་ག་རེ་ཞུ་རྒྱུ་ཡོད་མིན་ཐད་ལ་བཅར་འདྲི་ཞུས་ཡོད།
སྤྱི་ཟླ་༡ ཚེས་༧ རེས་གཟའ་མིག་དམར་ཉིན། ཞོགས་པའི་ཆུ་ཚོད་༩ དང་སྐར་མ་༥ ཐོག་འགུལ་ཚད་༧.༡ ཅན་གྱི་ས་ཡོམ་གྱིས་རྐྱེན་པས་དིང་རི་གཙོ་བོར་གྱུར་བའི་ཉེ་འདབས་ས་ཁུལ་ཁག་ཏུ་གཏོར་གཤིག་ཚབས་ཆེར་བྱུང་བར། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཐུགས་གསོའི་གསུང་འཕྲིན་སྩལ་གནང་མཛད་ཡོད་པའི་སྐོར་འཇམ་དབྱངས་རྒྱ་མཚོས་སྙན་སྒྲོན་ཞུས་ཡོད།
ཕྱི་ལོ་ ༢༠༢༤ ལོའི་བོད་ནང་གི་གནས་ཚུལ་ཆེ་ཁག་ཕྱོགས་བསྡུས་ཞུས་ཡོད།
ཕྱི་ལོ་ ༢༠༢༤ ལོའི་ནང་བཙན་བྱོལ་ནང་གི་གནས་ཚུལ་ལས་བོད་མིའི་སྒྲིག་འཛུགས་དང་འབྲེལ་བའི་གནས་ཚུལ་ཆེ་ཁག་དང་དང་དེ་བཞིན་གནས་ཚུལ་གཞན་ཁག་གཅིག་ཕྱོགས་བསྡུས་ཞུས་ཡོད།
མང་སྣོན།