དེ་རིང་གི་དྲ་སྣང་གི་བོད་དུ་རྒྱ་ནག་གཞུང་གིས་བོད་ཀྱི་གྲྭ་བཙུན་ལོ་ཆུང་ཚོ་འཛིན་བཟུང་གིས་གཞུང་བཙུགས་སློབ་གྲྭར་བཙན་ཁྲིད་བྱེད་བཞིན་པའི་བདེན་དཔང་དང་། ༧རྒྱལ་བའི་སྐུ་བརྙན་དང་འབྲེལ་བའི་དྲ་ལམ་བགྲོ་གླེང་སོགས་ཡོད།
ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་བོད་རྒྱའི་གནད་དོན་དབྱེ་ཞིབ་པ་དང་དྲུང་ཟུར་ཀུན་དགའ་བཀྲ་ཤིས་ལགས་གདན་འདྲེན་ཞུས་ནས་རྒྱ་དཔོན་ནང་ཁུལ་གྱི་རྙོག་འཛིང་དང་འཁྲུག་ཆའི་ཐད་བགྲོ་གླེང་ཞུས་ཡོད།
རྒྱ་ནག་གཞུང་གིས་འདས་པའི་མི་ལོ་༤༠་ལྷག་གི་རིང་ལ་འཆར་ལྡན་བུ་སྐྱེས་ཀྱི་སྲིད་ཇུས་ཤིག་སྤེལ་ཞིང་རིམ་བཞིན་་ཕྲུ་གུ་གཅིག་ལས་སྐྱེས་མི་ཆོག་པ་དེ་ཁྲིམས་མཐུན་ལ་བསྒྱུར་བ་སོགས་རྒྱ་ནག་མི་མང་གི་ལུས་སེམས་གཉིས་ལ་དཀའ་ངལ་ཆེན་པོ་བཟོས་ཡོད།
གཟའ་འཁོར་སྔོན་མར་རྒྱ་ནག་གཞུང་གིས་བདེ་འཇགས་དོ་དམ་གྱི་བཅའ་ཁྲིམས་གསར་བའི་འཆར་ཟིན་དོན་ཚན་༡༤༠་ལྷག་ཅན་ཞིག་ཕྱི་བསྒྲགས་བྱས་ཤིང་།
ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་བོད་རྒྱའི་གནད་དོན་ཆེད་མཁས་པ་དང་ཉམས་ཞིབ་པ་སངས་རྒྱས་སྐྱབས་ལགས་གདན་འདྲེན་ཞུས་ནས་རྒྱ་ནག་གི་བདེ་འཇགས་དོ་དམ་གྱི་ཁྲིམས་འཆར་དང་དེའི་ཉེན་ཁའི་ཐད་བགྲོ་གླེང་ཞུས་ཡོད།
དེ་རིང་གི་དྲ་སྣང་གི་བོད་དུ་ལོན་ཌོན་གྲོས་ཚོགས་ཐང་དུ་བོད་ཡིག་ངོ་སྤྲོད་ཀྱི་ལས་འགུལ་དང་། རྒྱལ་དར་དང་རྒྱལ་ཞེན། འཕྲུལ་རིག་རྒྱུན་ཤེས་ངོ་སྤྲོད་ཀྱི་བརྙན་བྱང་། རྒྱལ་ཚོགས་ཀྱི་སྐུ་ཚབ་བོད་དུ་གཟིགས་སྐོར་ལ་ཁྲིད་པར་དྲ་མང་གི་ལྟ་ཚུལ་སོགས་ཡོད།
ཨ་རིའི་ནེ་ཝ་ཌ་བྱེ་ཐང་དུ་Burning Man འམ་འབར་བཞིན་པའི་མི་ཞེས་པའི་སྒྱུ་རྩལ་འགྲེམས་སྟོན་གྱི་དུས་སྟོན་ཆེན་པོ་ཞིག་འཚོགས་སྐབས། ཆར་ཆེན་བབས་ཏེ་བྱེ་ཐང་ཆེན་པོ་དེ་འདམ་གཞོང་ལྟ་བུར་གྱུར་རྗེས་མི་ཁྲི་༧ ལྷག་ཆུ་ཚོད་བདུན་ཙམ་ལ་རླངས་འཁོར་གྱི་འཚང་ཁའི་ནང་ལྷུང་བ་བཅས་ཚེ་རིང་སྐྱིད་ཀྱིས་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུ་རྒྱུ་རེད།
རྒྱ་ནག་དམར་ཤོག་གཞུང་གིས་རིག་གནས་གསར་བརྗེ་སྐབས་སུ་ལོ་ངོ་སྟོང་ཕྲག་གི་ཤེས་རིག་དང་བསམ་བློ་མཚོན་པའི་རིག་དངོས་མང་པོ་རྩ་མེད་བཏང་བར་མི་མང་ལ་དགོངས་སེལ་ཞུས་མེད་པ་དང་། ད་ལྟ་ད་དུང་ཡང་རིག་དངོས་རྫུན་བཟོ་བྱེད་བཞིན་པའི་རང་སྐྱོན་དང་ནག་ཉེས་ལ་བསྐྱར་ཞིབ་མེད་པར་སྐྱོན་བརྗོད་བྱེད་འདུག
དབུས་ཨ་ཧྥེ་རི་ཀའི་རྒྱལ་ཁབ་གྷ་པོན་ཏུ་སྲིད་འགྱུར་བྱུང་ནས། ཡུལ་འདིའི་དྲག་པོའི་དམག་དཔུང་གིས་སྲིད་འཛིན་ཨ་ལི་བྷོན་གྷོ་བཟང་བཙོན་བྱས་ཏེ་ཁོའི་ཚ་བོར་བརྩི་བཞིན་པའི་ཡུལ་འདིའི་དམག་སྤྱི་གྷེ་མཱ་བར་བརྒལ་སྲིད་གཞུང་གི་སྲིད་འཛིན་ལ་བསྐོ་འཇོག་བྱེད་ཡོད་པའི་སྐོར་ཚེ་རིང་སྐྱིད་ཀྱིས་ཕྱོགས་སྒྲིག་གིས་སྙན་སྒྲོན་ཞུ་རྒྱུ་རེད།
མགོན་པོ་སྐྱིད་ལགས་ཀྱིས་རང་གི་གཅུང་བོའི་དོན་དུ་ཉེན་ཁར་མ་འཛེམས་པར་དགོས་འདུན་འདོན་བཞིན་པའི་བརྙན་དང་གནས་ཚུལ་རྣམས་ཕྱི་ལོག་ལ་ཐོན་གི་ཡོད་པ་དེ་རྩ་ཆེན་པོ་དང་རིན་ཐང་ཆེན་པོར་བརྩི་དགོས་པ་མ་ཟད། བོད་ཅེས་པའི་གནད་དོན་ཞིག་མུ་མཐུད་གླེང་བར་ལག་ཆ་གལ་ཆེན་པོ་ཞིག་ཆགས་ཡོད་ཅེས་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཞིག་གིས་ངོ་སྤྲོད།
ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་གདན་འདྲེན་ཞུས་ནས་བོད་ཀྱི་རྒྱལ་ས་ལྷ་ས་རུ་མགོན་པོ་སྐྱིད་ལགས་ཀྱིས་ཞུ་གཏུག་བྱེད་བཞིན་པ་དང་གཅར་རྡུང་དཀའ་ངལ་མྱོང་བཞིན་པའི་ཐད་བགྲོ་གླེང་ཞུས་ཡོད།
ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་ནིའུ་ཡོག་གྲོང་ཁྱེར་སྤྱི་ཁྱབ་དཔལ་འབྱོར་ལས་ཁུངས་ཀྱི་ཉམས་ཞིབ་པ་རྒན་པ་དང་འབུམ་རམས་པ་ཚེ་དབང་རིག་འཛིན་ལགས་གདན་འདྲེན་ཞུས་ནས་རྒྱ་ནག་གི་གཞོན་སྐྱེས་ལས་མེད་ཀྱི་གནད་དོན་སོགས་ཀྱི་ཐད་བགྲོ་གླེང་ཞུས་ཡོད།
དྲ་སྣང་གི་བོད། ༢༠༢༣ ཟླ་༨ ཚེས་༢༥ དེ་རིང་གི་དྲ་སྣང་གི་བོད་དུ་མདོ་སྟོད་སྨད་ཀྱི་མི་རྣམས་ལྷ་སར་གནས་མཇལ་བཀག་སྡོམ་དང་། དྲ་ཐོག་གི་ས་ཁྲ་འགྲེམས་སྟོན། སངས་རྒྱས་སྐྱབས་ཀྱི་ཟླ་བཞིའི་ལས་འགུལ་ཟིན་ཐོ། མ་ཡུམ་དྲ་ཚིགས་བཅས་ཡོད།
རྒྱ་ནག་གཞུང་གི་སྲིད་ཇུས་ཤིག་གིས་ད་ལྟ་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཚོ་བོད་ཀྱི་སྤྱི་ཚོགས་ནས་ཁེར་རྐྱང་ལ་ཕུད་པ་དང་མཐའ་ལ་དེད་ནས་འཚོ་བ་སྐྱེལ་ཁག་པོ་ཆགས་བཞིན་པར་དོ་སྣང་བྱེད་དགོས་པ་ཉམས་ཞིབ་པ་དབང་ལྡན་སྐྱབས་ལགས་ཀྱིས་་འབོད་སྐུལ་ཞུ་བཞིན་འདུག
ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་དང་འབུམ་རམས་པ་བསྟན་འཛིན་ལྷ་སྒྲོན་ལགས་གདན་འདྲེན་ཞུས་ནས་ཨ་རི་དང་ཉི་ཧོང་། ལྷོ་ཀོ་རི་ཡ་བཅས་ཀྱི་སུམ་འབྲེལ་ཚོགས་འདུ་དང་རྒྱ་ནག་ལ་ཁ་གཏད་སྲིས་ཇུས་ཐད་བགྲོ་གླེང་ཞུས་ཡོད།
ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་འགན་འཛིན་དབང་ལྡན་སྐྱབས་ལགས་གདན་འདྲེན་ཞུས་ནས་སྐད་ཡིག་ཐོབ་ཐང་རྩོད་ལེན་པ་བཀྲ་ཤིས་དབང་ཕྱུག་གཙོས་པའི་བོད་ནང་གི་ཆབ་སྲིད་བཙོན་ཟུར་གྱི་དཀའ་ངལ་ཐད་བགྲོ་གླེང་ཞུས་ཡོད།། བཀྲ་ཤིས་དབང་ཕྱུག་གཙོས་ཆབ་སྲིད་བཙོན་ཟུར་གྱི་དཀའ་ངལ།
ལོ་རྗེས་མའི་ཐེ་ཝན་གྱི་སྲིད་འཛིན་འོས་བསྡུར་གཞུང་འཛིན་དམངས་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་འོས་མིར་དེར་ད་ལྟའི་ཐེ་ཝན་གྱི་སྲིད་འཛིན་གཞོན་པ་ལེ་ཆིང་ཏེ་བདམས་ཡོད་ཅིང་། ཁོང་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་པ་ར་གྷ་ཡའི་སྲིད་འཛིན་གསར་པའི་ཁྲི་སྟོན་མཛད་སྒོར་ཕེབས་ཏེ་གཟིགས་སྐོར་མཇུག་སྒྲིལ་བ།
སྲིད་འཛིན་ཇཱོ་བྷ་ཌན་གྱིས་ཉི་ཧོང་གི་སྲིད་བློན་དང་ལྷོ་ཀོ་རི་ཡའི་སྲིད་འཛིན་གཉིས་ཨ་རིར་གདན་འདྲེན་ཞུས་ཏེ་མཐུན་གྲོགས་རྒྱལ་ཁབ་གསུམ་གྱི་གྲོས་མོལ་གནང་བཞིན་པར་རྒྱལ་སྤྱིའི་གསར་འགྱུར་ཁག་ཏུ་འཛོམས་གནས་ཁྱད་པར་ཅན་འདིའི་སྐོར་ལ་དོ་སྣང་ཆེན་པོ་ཡོང་གི་འདུག་ལ་རྒྱ་ནག་གིས་ཀྱང་སེམས་ཁྲལ་ངང་སྡུག་ར་སྐུལ་བཞིན་པ་རེད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མཁས་པ་ཚོས་བོད་མི་ཆབ་སྲིད་བཙོན་པ་དགུའི་སྐོར་ལ་རྩད་གཅོད་དང་འབྲེལ་བའི་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་ཡོད།
་ནག་གཞུང་གིས་བོད་ནང་གི་མི་རིགས་ས་གནས་རང་སྐྱོང་ཁག་མེད་པར་གཏོང་སྲིད་པས། གལ་ཏེ་མི་རིགས་ས་གནས་རང་སྐྱོང་མེད་པར་བཏང་བ་ཡིན་ན་བོད་རྒྱ་གྲོས་མོལ་གྱི་གཞི་རྟེན་མེད་སོང་བ་དང། དབུ་མའི་ལམ་གྱི་འཐབ་ཇུས་ལ་རང་བཞིན་གྱིས་འགྱུར་བ་ཐེབས་ཀི་ཡོད་ཅེས་བོད་གནས་ཉམས་ཞིབ་པ་བསྟན་འཛིན་ནོར་རྒྱས་ལགས་ཀྱིས་བརྗོད་བྱུང་།
མང་སྣོན།