བོད་མིའི་སྒྲིག་འཛུགས་ཀྱི་གཏན་འཇགས་ཐབས་ཇུས་འཆར་འགོད་ཚོགས་ཆུང་གི་ཉིན་གསུམ་རིང་གི་ཚོགས་འདུ་དེ་སྤྱི་ཟླ་༧ ཚེས་༢༩ ཉིན་མཇུག་སྒྲིལ་གནང་སོང་། ཚོགས་འདུའི་ཐོག་བོད་རྒྱ་འབྲེལ་མོལ་ཡོང་ཐབས་གྲ་སྒྲིག་དང་། དེ་དང་འབྲེལ་བའི་ཕྱིའི་རྒྱལ་ཁབ་ཁག་གི་འབྲེལ་ལམ། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་ཐད་གྲོས་མོལ་ལྷུག་པོ་གནང་།
རྒྱ་གར་གཞུང་གིས་འཕགས་བོད་ས་མཚམས་སུ་ཡོད་པའི་རྒྱ་གར་གྱི་མཐའ་སྲུང་དམག་ཞབས་པ་ཚོར་བོད་ཀྱི་སྐད་ཡིག་དང་རིག་གནས་ལོ་རྒྱུས། དེ་བཞིན་ནང་ཆོས་སློབ་འཁྲིད་གནང་གི་ཡོད་པའི་སྐོར་ལ་འདི་གའི་གསར་འགོད་པ་བསྟན་འཛིན་དབང་འདུས་ལགས་ཀྱིས་བཞུགས་སྒར་ནས་བཏང་པའི་གནས་ཚུལ་དེ་གསན་རོགས་གནང་།།
རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱིས་མོན་གྷོ་བོད་མིའི་གཞིས་ཆགས་སུ་རྒྱལ་སྤྱིའི་ནང་བསྟན་སློབ་གཉེར་ཁང་གསར་འཛུགས་གནང་རྒྱུའི་གསལ་བསྒྲགས་གནང་འདུག་ཅིང་། རེས་གཟའ་ཟླ་བའི་ཉིན་༧གོང་ས་མཆོག་ལ་༧སྙན་གསེང་ཞུས་མཚམས་ལས་འཆར་དེ་གསལ་བསྒྲགས་གནང་འདུག་པའི་སྐོར། འདི་གའི་གསར་འགོད་པ་བསྟན་འཛིན་དབང་འདུས་ལགས་ཀྱིས་བཏང་བ་དེ་གསན་རོགས།
༸གོང་ས་མཆོག་གིས་སྤྱི་ཟླ་ ༦ ཚེས་ ༢༡ ཉིན་རྒྱ་གར་བྱང་ཤར་ཨ་སམ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་མཚན་ཐོག་བཀའ་ཡིག་གནང་བའི་ནང་། འདས་པའི་གཟའ་འཁོར་ནང་ཨ་སམ་མངའ་སྡེར་ཆར་ཞོད་དོན་རྐྱེན་བྱུང་སྟེ་མི་རྒྱུ་ནོར་གསུམ་ལ་གོད་ཆགས་ཆེན་པོ་བྱུང་བར་ཐུགས་གསོ་གནང་ནས་ངལ་སེལ་རོགས་སྐྱོར་ལས་འཆར་ལ་ཞལ་འདེབས་གནང་རྒྱུ་ཡིན་གསུངས་འདུག
བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་ལ་སྤྱི་ཟླ་༦ ཚེས་༡༤ དང་། ས་ག་ཟླ་བའི་ཚེས་༡༥ ཉིན་མདོ་སྨད་ཆོལ་ཁའི་ངོས་ནས་གྱ་སྟོན་གྱི་བརྟན་བཞུགས་འདེགས་འབུལ་ཞུས། བརྟན་བཞུགས་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་དང་བཀའ་ཟུར་ཁག་ཅིག་སོགས་ཡོད།
བཞུགས་སྒར་རྡ་རམ་ས་ལའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཕྱི་ཟླ་༦་པའི་ཚེས་༡་སྟེ། རྒྱ་ནག་གི་དྲུག་གཅིག་བྱིས་པའི་དུས་ཆེན་ཉིན་མོར་ཞིས་ཅིན་ཕིང་ལ་བོད་ཀྱི་རིག་གཞུང་བཙན་བསྒྱུར་གྱི་སྲིད་ཇུས་ལག་ལེན་བསྟར་གྱི་ཡོད་པ་མཚམས་འཇོག་བྱ་དགོས་པའི་ཡོངས་ཁྱབ་འཕྲིན་ཡིག་ཅིག་སྤྲིངས་འདུག་ཅིང་།
༄༅།། དེ་རིང་བོད་ཟླ་༣་ཚེས་༡༥་དང་ཕྱི་ཟླ་༥་ཚེས་༡༦་གི་ཞོགས་པར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་དུས་འཁོར་ལྷ་ཁང་དུ་དུས་འཁོར་སྒྲུབ་མཆོད་ཀྱི་ཚོགས་མགོན་དུ་ཆིབས་སྒྱུར་བསྐྱངས་ཏེ་ཞོར་དུ་མང་ཚོགས་ལ་མཇལ་ཁ་སྩལ།
༄༅།། བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད་རྩོམ་པོ་དང་ལོ་ཙཱ་བ་གྲགས་ཅན་བྲག་གདོང་བཀྲས་གླིང་དབང་རྡོར་ཕྱི་ཟླ་༤་ཚེས་༢༧་ཉིན་དགུང་ལོ་༨༨་ཐོག་ཏུ་བོད་ཀྱི་རྒྱལ་ས་ལྷ་སར་སྐུ་གཤེགས་པའི་གནས་ཚུལ་ཐོན་འདུག
༄༅།། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ནན་སི་ཕེ་ལོ་སིས་མགྲོན་འབོད་ལྟར་ཕྱི་ཟླ་༤་པའི་ཚེས་༢༡་ ནས་ཕྱི་ཟླ་༥་པའི་ཚེས་༡༢་བར་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་གི་ཡོད་ཅིང་།