གྲོང་ཁྱེར་ཝིལ་ན་སིར་སྐོང་འཚོག་གནང་འཆར་ཡོད་པའི་ནུབ་ཆིངས་སྒྲིག་འཛུཊ་ཀྱི་ལོ་འཁོར་ཚོགས་ཆེན་སྟེང་། ཡུག་ཀེ་རན་གྱིས་མཐུན་ཕྱོགས་རྒྱལ་ཁབ་རྣམས་ལ་ཡུག་ཀེ་རན་ཚོགས་ཁོངས་སུ་འཛུལ་ཞུགས་ཀྱི་འགྲོ་རིམ་མགྱོགས་མྱུར་དུ་འགོ་འཛུགས་དགོས་པའི་སྐུལ་མ་གནང་ཡོད་པའི་སྐོར་བསོད་ནམས་དབྱངས་འཛོམས་ལཊ་ཀྱིས་སྙན་སྒྲོན་ཞུས་ཡོད།
རྒྱ་ནག་གི་གསང་མྱུལ་སྒང་ཕུག་ནང་ཨ་རིའི་ཡོ་ཆས་བེད་སྤྱོད་བཏང་བ། རྒྱལ་ཚོགས་ཀྱི་ཐོབ་ཐང་ལྷན་ཚོགས་སུ་བོད་ཀྱི་བརྟན་འཇགས་སློབ་གྲྭའི་སྐོར་དོ་སྣང་།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཨ་རིའི་གྲོས་ཚོགས་འཐུས་མི་ཐེ་ཝན་ལ་སྐུ་མགྲོན་དུ་ཕེབས་པ། རྒྱ་ནག་གཞུང་གིས་བོད་པའི་དམག་མི་བསྡུ་སྐོང་། ཆེས་མཐོའི་ཁྲིམས་ཁང་གི་སློབ་ཕྲུག་བསྡུ་ལེན་ཐད་ཀྱི་ཐག་གཅོད། བལ་ཡུལ་དུ་ཕོ་མོ་གཅིག་པའི་གཉེན་སྒྲིག་ལ་ངོས་འཛིན་བྱས་པ་སོགས་ཡོད།
དེ་རིང་གི་ཀུན་གླེང་གསར་འགྱུར་ནང་རྒྱ་གར་སྲིད་བློན་མོ་དྷིའི་ཨ་རིའི་ནང་གི་རྒྱལ་དོན་འཚམས་གཟིགས། སྲིད་འཛིན་བྷ་ཌན་གྱིས་ཞི་ཅིན་ཕིང་ནི་སྲིད་དབང་སྒེར་གཅོད་པ་ཡིན་པར་བཤད་པ། ཀུ་བྷའི་ནང་གི་རྒྱ་ནག་གི་གསང་མྱུལ་རྟེན་གཞིར་ངོ་རྒོལ། དགའ་ལྡན་དུ་ཚོགས་བཞིན་པའི་རིས་མེད་བགྲོ་གླེང་། ཁམས་ཁུལ་དུ་བོད་སྐད་ཡིག་ལ་དམ་དྲག་སོགས་ཡོད།
བོད་དོན་དང་རྒྱལ་སྤྱིའི་གསར་འགྱུར་མདོར་བསྡུས། ཡུག་ཀེ་རན་གྱི་དམག་འཁྲུག་གི་གནས་སྟངས་དང་། སྲིད་སྐྱོང་ལ་ཨོ་སི་ཏྲོ་ལི་ཡའི་གྲོས་ཚོགས་གོང་འོག་གིས་ཆེ་བསྟོད་ཕེབས་བསུ་གནང་བ། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཟུར་ཚོགས་ཐོག་བོད་དོན་གླེང་སློང་། འགྲུལ་འཁྱེར་མཚོ་འོག་གྲུ་གཟིངས་ལ་མནན་བཙིར་ཆག་སྒོ་བྱུང་བ།
རྒྱ་གར་གྱི་སྲིད་བློན་ན་རན་དར་མོ་རྡི་མཆོག་ཨ་མི་རི་ཀར་གཞུང་འབྲེལ་འཚམས་འདྲིར་ཕེབས་པའི་སྐབས་སུ་ཨ་རིའི་ཕོ་བྲང་དཀར་པོས་ཕེབས་བསུ་དང་གསོལ་སྟོན་མཛད་སྒོ་ཟབ་རྒྱས་ཞུས་གནང་ཡོད་པ་དང་། སྲིད་བློན་མཆོག་གིས་གྲོས་ཚོཊ་གོང་འོག་ལྷན་འཛོམས་སར་གསུང་བཤད་གནང་ཡོད་པའི་སྐོར་བསོད་ནམས་དབྱངས་འཛོམས་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
ཕྱི་ཟླ་དྲུག་པའི་ཟླ་དཀྱིལ་ཙམ་ལ་ཕྱི་མི་གནས་སྤོ་བ་༧༥༠ འཁྱེར་བའི་གྲུ་གཟིངས་ཤིག་མཚོ་ནང་ཐིམ་ནས་མི་༨༢ འདས་གྲོངས་དང་། བརྒྱ་ཕྲག་མང་པོ་གར་སོང་ཆ་མེད་གྱུར་བའི་གྲུ་གཟིངས་ཀྱི་དོན་རྐྱེན་ཚབས་ཆེན་པོ་འདི་ནི་གྷི་རིག་གི་མཚོ་ཐོག་ཏུ་བྱུང་པར་བརྟེན་གྷི་རིག་གཞུང་གིས་ཞིབ་འཇུག་བྱེད་དགོས་པ་གནོན་ཤུགས་ཆེན་པོ་སླེབས་བཞིན་ཡོད་པ་རེད།
དེ་རིང་གི་ཀུན་གླེང་གསར་འགྱུར་ལ་༧གོང་ས་མཆོག་གིས་རྒྱ་གར་གྱི་སློབ་ཕྲུག་ཁག་ཅིག་ལ་མཇལ་ཁ་གནང་བ་། ཨ་རིའི་ཕྱི་སྲིད་དྲུང་ཆེའི་རྒྱ་ནག་གི་འཚམས་གཟིགས། བོད་དུ་གློག་ཁང་སོགས་ཀྱི་ཆེད་ས་ཞིང་བཙན་འཕྲོག ནུབ་ཆིངས་སྒྲིག་འཛུགས་ཀྱི་རྒྱལ་སྲུང་ཚོགས་ཆེན། རྒྱ་གར་གྱི་སྲིད་བློན་གྱིས་ཨ་རིར་འཚམས་གཟིགས་གནང་འཆར་སོགས་ཡོད།
གཟའ་མཇུག་ལ་ཨ་རིའི་ཕྱི་སྲིད་དྲུང་ཆེ་པེ་ཅིང་དུ་ཕེབས་རྒྱུ་ཡིན་པ་དང་། ཨ་རི་དང་རྒྱ་ནག་གཞུང་གི་འབྲེལ་ལམ་སྡུག་ཏུ་འགྲོ་བའི་སྐབས་འདིར་ཁོང་རྒྱ་ནག་ལ་ཕེབས་རྒྱུ་དེས་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཡག་ཏུ་འགྲོ་རྒྱུའི་རེ་བ་ཆེན་པོ་མེད་པའི་སྐོར་ཨ་རིའི་རླུང་འཕྲིན་ཁང་གི་གནས་ཚུལ་བསོད་ནམས་དབྱངས་འཛོམས་ཀྱིས་སྙན་སྒྲོན་ཞུ་གི་རེད།
དེ་རིང་གི་གསར་འགྱུར་ནང་བཞུགས་སྒར་དུ་འཚོག་བཞིན་པའི་རྒྱ་ནག་དང་རྒྱལ་སྤྱིའི་ཆབ་སྲིད་འགྱུར་ལྡོག རེ་བ་དང་གདོང་ལེན་ཚོགས་འདུ་དང་། ཡུག་ཀེ་རན་གྱི་ཆུ་མཛོད་གཏོར་བའི་གནོད་སྐྱོན། ཨ་རི་དང་དབྱིན་ཇིའི་འགོ་ཁྲིད་གཉིས་ཀྱི་མཇལ་འཕྲད། བོད་ཕྲུག་ཁྲི་ལྔ་ལྷག་གིས་བོད་ནང་སློབ་ཆེན་ལ་འཛུལ་རྒྱུའི་ཡིག་རྒྱུགས་སྤྲད་པ་སོགས་ཡོད།
ཡོངས་འཛིན་སྐྱབས་རྗེ་ཁྲ་འགུ་རིན་པོ་ཆེ་དགོངས་པ་ཆོས་དབྱིངས་སུ་ཐིམ་པ། བཀའ་སྤྱི་གཉིས་ཀྱིས་ལྡི་ལིར་བོད་དོན་ཞུ་སྐུལ་གནང་། སྲིད་སྐྱོང་མཆོག་གི་ཕྱི་རྒྱལ་ཁབ་ཀྱི་མཛད་རིམ་ལ་རྒྱ་ནག་གི་འགོག་རྐྱེན་བཟོ་ཐབས་བྱས་པ།
ཨ་མེ་རི་ཀའི་སྲིད་འཛིན་མཆོག་དང་དབྱིན་ཇིའི་སྲིད་བློན་མཆོག་ལྷན་རྒྱས་ཕོ་བྲང་དཀར་པོར་མཇལ་འཕྲད་སྐབས་སུ་རྒྱལ་ཁབ་ཕྱོགས་གཉིས་ཀས་ཐུན་མོང་ཐོག་དཔལ་འབྱོར་མཉམ་ལས་དང་ཡུག་ཀེ་རན་ལ་རྒྱབ་སྐྱོར་ཡོད་ཅེས་གསལ་བསྒྲགས་གནང་ཡོད་པའི་སྐོར་བསོད་ནམས་དབྱངས་འཛོམས་ལགས་ཀྱིས་སྙན་སྒྲོན་ཞུས་གནང་བ་འདིར་གསལ།
ཨུ་རུ་སུས་བཙན་བཟུང་འོག་ལ་ཡོད་པའི་ཡུག་ཀེ་རན་གྱི་ལྷོ་ཕྱོཊ་ཀྱི་གློག་ཁང་ཆུ་མཛོད་ལ་གས་གཏོར་བྱུང་ནས་མི་དམངས་སྟོང་ཕྲག་མང་པོར་ཁྱིམ་གཞིས་མེད་པར་ཆཊ་ཡོད་པར་བརྟེན་ཆུ་མཛོད་ཀྱི་གཡས་ལ་ཨུ་རུ་སུ་དང་གཡོན་དུ་ཡུག་ཀེ་རན་ཕྱོཊ་སོ་སོར་མི་སྟོང་ཕྲག་མང་པོ་གནས་སྤོས་བྱས་ཡོད་པའི་སྐོར་བསོད་ནམས་དབྱངས་འཛོམས་ཀྱིས་སྙན་སྒྲོན་ཞུས་ཡོད།
ཡུག་ཀེ་རན་ལ་ཨུ་རུ་སུས་བཙན་འཛུལ་མ་བྱས་པའི་སྔོན་ལ་ཨ་མི་རི་ཀས་ཡུག་ཀེ་རན་གྱི་དམག་མིར་དམག་སྦྱོང་སྤྲད་ཡོད་པ་དང་། ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས་དམག་སྦྱོང་གི་བརྙན་པར་རྣམས་གསར་འགྱུར་བརྒྱུད་ལམ་ལ་ཟླ་བ་འདིར་ཡོངས་གྲགས་ཐེངས་དང་པོ་གནང་ཡོད་འདུག་པས་དེའི་སྐོར་བསོད་ནམས་དབྱངས་འཛོམས་ཀྱིས་སྙན་སྒྲོན་ཞུ་གི་རེད།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གིས་ལྡི་ལི་བོད་ཁང་གི་ན་ལེནྜའི་རབ་འབྱམས་སློབ་མ་སོགས་ལ་མཇལ་ཁ་གནང་བ་དང་། ཨ་རིའི་གཞུང་བུན་ཚད་བཀག་ཐད་གྲོས་ཚོགས་གོང་འོག་གཉིས་ཀྱི་བཀའ་འཁྲོལ་ཐོབ་པ། ཡུ་རོབ་འགོ་ཁྲིད་ཀྱི་ལྷན་འཛོམས། རྒྱ་གར་དང་བལ་ཡུལ་གྱི་འབྲེལ་ལམ། བོད་ཁམས་གསར་འགྱུར་སོགས་ཡོད།
སྲིད་འཛིན་བྷ་ཌན་གྱིས་ལོ་ངོ་གཅིག་གྱི་སྔོན་ལ་རྒྱ་གར་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་སྒྲོམ་གཞི་ཞེས་པའི་འཆར་གཞི་བཀོད་པ་དང་འབྲེལ་ཉེ་ཆར་ཨ་རིའི་གྲོང་ཁྱེར་ཌི་ཊོ་ཨེ་ཊི་ནང་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གི་དཔལ་འབྱོར་བློན་ཆེན་རྣམས་ལྷན་འཛོམས་གནང་སྟེ་དངོས་ཟོག་མཁོ་འདོན་ལུ་གུ་རྒྱུད་ལྟར་ཡོང་བ་བྱ་རྒྱུའི་གྲོས་མཐུན་ཞིག་བཞག་པ་རེད།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་ནས་བོད་པའི་སློབ་གྲྭ་ཁག་གི་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་རྣམས་ལ་མཇལ་ཁ་དང་བཀའ་སློབ་གནང་བ་དང་། ཨ་རིའི་སྲིད་འཛིན་འོས་མི་གསར་པ། ཨུ་ཡུག་དམག་འཁྲུག་གི་གནས་སྟངས། བོད་མི་རྣམས་ལ་རྒྱ་ནག་གི་ཕྱི་སྐྱོད་ཡིག་ཆ་མི་རེག་པའི་དཀའ་ངལ་སོགས་ཀྱི་གསར་འགྱུར་ཡོད།
ཧྥི་ལོ་རེ་ཌ་མངའ་སྡེའི་སྤྱི་ཁྱབ་རོན་ཌི་སན་ཊི་སིས་སྲིད་འཛིན་གྱི་འོས་མིར་བཞེངས་རྒྱུ་ཡིན་པ་སྤྱི་ཚོགས་དྲ་རྒྱ་ཊུས་ཊར་ཐོག་གསལ་བསྒྲཊ་སྤེལ་བའི་སྐབས་ལ་དྲ་རྒྱར་སྐྱོན་བྱུང་ཡོད་པ་དང་། དྲ་རྒྱ་བེད་སྤྱོད་གཏོང་མཁན་འབུམ་དྲུག་ལྷག་གིས་གསལ་བསྒྲཊ་ལ་ཉན་ཐབས་བྱས་ཡོད་པའི་སྐོར་བསོད་ནམས་དབྱངས་འཛོམས་ཀྱིས་སྙན་སྒྲོན་ཞུས་ཡོད།
དེ་རིང་གི་ཀུན་གླེང་གསར་འགྱུར་ནང་བོད་མི་མང་སྤྱི་འཐུས་ཀྱི་བཅའ་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གིས་ལས་དོན་དབུ་འཛུགས་གནང་བ་དང་། སྟོབས་ཆེན་རྒྱལ་ཁབ་བདུན་གྱི་དབུ་ཁྲིད་ཚོགས་ཆེན། ཨ་རིའི་གྲོས་ཚོགས་སུ་རྒྱ་ནག་ཐད་ཉན་ཞིབ། རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་སྲུང་བརྩི། སྲོག་ཁྲིམས་གཅོད་ཚད་ཡར་འཕར་བའི་གནས་ཚུལ་སོགས་ཡོད།
བོད་ཀྱི་བརྟན་འཇགས་སློབ་གྲྭའི་གནས་སྟངས་མཚོན་པའི་བརྙན་པར། ལྷོ་སོག་པོའི་རྩོམ་པ་པོ་ཞིག་སོག་ཡུལ་ནས་རྒྱ་ནག་ཏུ་བཙན་ཁྲིད། བོད་ཀྱི་དམངས་ཁྲོད་དུ་རིག་རྫས་བསྡུ་ལེན་སྐོར་བློ་འཚབ།
མང་སྣོན།