ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་བྷ་ཌན་གྱིས་སྲིད་འཛིན་འོས་མི་ནས་ཕྱིར་འཐེན་གྱི་གསུང་བཤད་གནང་སྐོར་དང་། བལ་ཡུལ་གྱི་གནམ་གྲུ་བརྡབ་སྐྱོན་ལས་མི་༡༨ རྐྱེན་འདས། རྒྱ་གར་ལྷོ་ཕྱོགས་སུ་སྨན་སྦྱིན། གསར་འགྱུར་གཞན་ཁག་ཅིག་གི་གནད་བསྡུས་བཅས་ཡོད།
ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་དབུས་པའི་གྲོས་ཚོགས་ཀྱི་ཚོགས་ཟུར་པ་ལྕམ་པེ་ལོ་སི་སོགས་ཕེབས་ནས་གྲོས་ཚོགས་ཀྱི་ཚོགས་ཁང་ནང་བོད་དོན་ཁྲིམས་ཡིག་གཏན་འབེབས་བྱུང་པར་ཐུགས་རྗེ་ཆེ་ཞུ་རྒྱུའི་མཛད་སྒོ་ཚོགས་ཡོད་པའི་སྐོར་བསོད་ནམས་དབྱངས་འཛོམས་ཀྱིས་སྙན་སྒྲོན་ཞུ་གི་རེད།
བདུན་ཕྲག་འདིར་པེ་རི་སིའི་གྲོང་ཁྱེར་དུ་ཨོ་ལིམ་པིཀ་སི་རྩེད་མོའི་འགྲན་བསྡུར་ཚོགས་བཞིན་ཡོད་པ་དང་། དེའི་ནང་ཡུ་ཀེ་རན་ནས་མཉམ་བཞུགས་བྱེད་མཁན་རྩེད་འགྲན་པར་རེ་བ་ཆེན་པོ་ཡོད་མཁན་མང་པོ་ཞིག་ཨུ་རུ་སུ་དང་ཡུ་ཀེ་རན་གྱི་དམག་འཁྲུག་ཁྲོད་འདས་གྲོངས་སུ་གྱུར་ཡོད་པའི་སྐོར་བསོད་ནམས་དབྱངས་འཛོམས་ཀྱིས་སྙན་སྒྲོན་ཞུས་ཡོད།
ཇེ་ཌི་ཝེན་སི་ནི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་ཊམ་གྱི་སྲིད་འཛིན་གཞོན་པར་མིང་འདོན་གནང་ཡོད་པ་དང་། སྲིད་འཛིན་ཟུར་པ་དང་ཁོང་གི་སྲིད་བྱུས་འཛིན་ཕྱོགས་མཐུན་གྱི་ཡོད་ཀྱང་། ཁོང་གི་རྒྱབ་ལྗོངས་མི་འདྲ་བ་ཡིན་པ་དེས་འགྲན་བསྡུར་ལ་ཤུགས་རྐྱེན་ཇི་ལྟར་བཟོ་རྒྱུའི་སྐོར་བསོད་ནམས་དབྱངས་འཛོམས་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
རེས་གཟའ་ཟླ་བའི་ཉིན། ཐེ་ཝན་གྱིས་དམག་སྦྱོང་གི་འགོ་བཙུགས་ཡོད་པ་དང་། མཚོ་ཐོག་ལ་མཚོ་དམག་སྦྱོང་བརྡར་བྱེད་པ་སོགས་ཀྱིས་མཚོན་པའི་སྦྱོང་བརྡར་དེ་ཚོ་ནི། བཙན་འཛུལ་ངོ་མ་ལས་རང་སྲུང་བྱ་རྒྱུའི་གྲ་སྒྲིག་ཞིག་ཡིན་པའི་སྐོར་བསོད་ནམས་དབྱངས་འཛོམས་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
སྤྱི་མཐུན་ཚོགས་པའི་འཐུས་མི་རྣམས་ཀྱིས་སྲིད་འཛིན་འོས་མི་ཊམ་གྱི་རྒྱབ་ལ་གཅིག་སྒྲིལ་བྱེད་བཞིན་པའི་སྐབས་འདིར་དམངས་གཙོ་ཚོགས་པའི་གནད་ཡོད་འཐུས་མི་ཚོས་སྲིད་འཛིན་བ་ཌེན་གྱིས་སྲིད་འཛིན་གྱི་འོས་བསྡུའི་འགྲན་བསྡུར་ནས་ཕྱིར་འཐེན་བྱེད་དགོས་ཀྱི་རེད་ཅེས་བརྗོད་ཀྱི་ཡོད་པ།
སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་ཊམ་གྱིས་ཐེ་ཝན་གྱིས་ཨ་མི་རི་ཀའི་སྲུང་སྐྱོབ་ལ་རིན་པ་སྤྲོད་དགོས་ཀྱི་གསུངས་པའི་རྗེས་ལ་ཐེ་ཝན་གྱི་གློག་ཆས་བཟོ་ཚོང་ཁང་ཆེ་ཁག་ཚོའི་མ་རྐང་གི་རིན་པ་ཉམས་ཡོད་པའི་སྐོར་བསོད་ནམས་དབྱངས་འཛོམས་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
གསར་འགྱུར་གལ་ཆེན་གཞན་ཁག་གི་ནང་དོན་གནད་བསྡུས་ནང་། རྒྱ་གར་གྱི་ཚོགས་སྡེ་ཁག་ཅིག་གིས་ཨ་རིའི་སྲིད་འཛིན་འོས་མི་ཊམ་གྱི་ཆེད་མཆོད་སྨོན་དང་། ཨི་སི་རེལ་གྱི་གྲོས་ཚོགས་སུ་སྲིད་བློན་ནེ་ཐན་ཡ་ཧུ་ཡི་ལངས་ཕྱོགས་ལ་རྩོད་པ། གྷ་ཛ་ས་ཁུལ་གྱི་གཏོར་རྒོལ་འོག་མི་མང་པོ་ཞིག་གི་ཚེ་སྲོག་ཤོར་བ། ཨ་རི་དང་ཐེ་ཝན་གྱི་འབྲེལ་ལམ་སོགས་ཡོད།
དེ་རིང་གི་གསར་འགྱུར་ནང་རྒྱ་ནག་དམར་ཤོག་གི་ཚང་འཛོམས་གྲོས་ཚོགས་ཀྱི་སྐོར་དང་། སྤྱི་མཐུན་ཚོགས་པའི་རྒྱས་འཛོམས་ཆེན་ཐོག་སྲིད་འཛིན་གཞོན་པའི་འོས་མིས་གཏམ་བཤད། རྭ་རྒྱ་སློབ་གྲྭ་སྒོ་བརྒྱབ་ཏུ་བཅུག་པར་གདུང་སེམས་མཉམ་སྐྱེད། རྒྱ་མིའི་ཚོང་པ་ཀོ་ཝེན་ཀའེ་ཉེས་ཅན་ཡིན་པ་ཐག་བཅད་པ། གསར་འགྱུར་གཞན་ཁག་ཅིག་གི་གནད་བསྡུས་བཅས་ཡོད།
ཊམ་ལྐོག་གསོད་གཏོང་ཐབས་ཀྱི་དོན་རྐྱེན་བྱུང་རྗེས། སྲིད་འཛིན་གྱི་སྐུ་སྲུང་ལས་ཁུངས་ཀྱིས་བདུན་ཕྲག་འདིར་ཝི་སི་ཁོན་སིན་དུ་ཚོགས་བཞིན་པའི་སྤྱི་མཐུན་ཚོགས་པའི་རྒྱལ་ཡོངས་ཚོགས་ཆེན་ལ་སྲུང་སྐྱོབ་སྤྲོད་ཐུབ་རྒྱུ་ཡིད་ཆེས་དང་གདེང་ཚོད་བསྟན་ཡོད་པའི་སྐོར་བསོད་ནམས་དབྱངས་འཛོམས་ཀྱིས་སྙན་སྒྲོན་ཞུས་ཡོད།
བལ་ཡུལ་གྱི་ཆབ་སྲིད་ཚོགས་པ་མཉམ་འབྲེལ་གྱི་གཞུང་རྙིང་པར་རྒྱབ་སྐྱོར་བརླགས་པའི་རྗེས་སུ། རེས་གཟའ་ཟླ་བའི་ཉིན་རྒྱལ་ས་ཀ་ཐ་མན་ཊུར་བལ་ཡུལ་གྱི་དམར་ཤོག་ཚོགས་པའི་འགོ་ཁྲིད་ཨོ་ལི་ཡིས་སྲིད་བློན་གསར་པའི་དམ་བཅའ་བླངས་ཡོད་པའི་སྐོར་བསོད་ནམས་དབྱངས་འཛོམས་ཀྱིས་སྙན་སྒྲོན་ཞུས་ཡོད།
གཟའ་མཇུག་ཏུ་ཨེ་ཤི་ཡའི་རྒྱུ་སྟོབས་ཆེ་ཤོས་རྒྱ་གར་བ་མུ་ཁེ་ཤི་ཨམ་བ་ནི་ཡིས་བུའི་གཉེན་སྒྲིག་མཛད་སྒོ་གྲ་རྒྱས་ཕུན་སུམ་ཚོགས་པ་བྱུང་ཞིང་། རྒྱལ་སྤྱིའི་གནད་ཡོད་སྐུ་མགྲོན་དང་གློག་བརྙན་ཁྲབ་སྟོན་པ་གྲགས་ཅན་མང་པོ་མཉམ་འཛོམས་བྱས་ཡོད་པའི་སྐོར་གྱི་གནས་ཚུལ་ཞིག་བསོད་ནམས་དབྱངས་འཛོམས་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
བདུན་ཕྲག་འདིར་མོ་དྷི་ཨུ་རུ་སུར་ཕེབས་ཏེ། ཕུ་ཊིན་དང་མཇལ་འཕྲད་གནང་བ་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཇེ་ཟབ་ཏུ་གཏང་རྒྱུ་གནང་འདུག ནུབ་ཕྱོགས་རྒྱལ་ཁབ་ཚོས་ཟུར་དུ་ཕུད་པའི་རྒྱལ་ཁབ་ཅིག་ལ་རྒྱ་གར་གྱིས་འབྲེལ་ལམ་གཏིང་ཟབ་ཏུ་གཏོང་དགོས་དོན་སྐོར་བལྟས་པའི་གནས་ཚུལ་ཞིག་བསོད་ནམས་དབྱངས་འཛོམས་ཀྱིས་སྙན་སྒྲོན་ཞུས་ཡོད།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ནུབ་ཆིངས་ཚོཊ་ཆེན་ཐོག་ཡུག་ཀེ་རན་དང་རྒྱ་ནག་གཉིས་གནད་འགག་ཆཊ་སྐོར་དང་། བོད་དོན་ཁྲིམས་འཆར་ཕོ་བྲང་དཀར་པོར་ཕུལ་གྲུབ་པ། ཨ་རིའི་སྐུ་ཚབ་དོན་གཅོད་གྱིས་ཐེ་ཝན་གྱི་རང་སྲུང་ལ་རྒྱབ་སྐྱོར། གསར་འགྱུར་གཞན་ཁག་ཅིག་གི་གནད་བསྡུས་བཅས་ཡོད།
འབྲུག་རྒྱལ་པོ་མཆོག་དང་སོག་ཡུལ་གྱི་སྲིད་འཛིན་གཉིས་མཇལ་འཕྲད་གནང་། ཡུག་ཀེ་རན་གྱི་ཁྱིམ་མཚེས་རྒྱལ་ཁབ་སྦེ་ལ་རུ་སི་དང་རྒྱ་ནག་གི་དམག་སྦྱོང་། བོད་དང་བལ་ཡུལ་ས་མཚམས་རྒྱུད་འདྲེན་ཐང་ལ་ཆུ་ལོག་དང་ས་རུད་བྱུང་བ། རྒྱ་གར་གྱི་སྲིད་བློན་མོ་དྷི་ཨོ་སི་ཊི་རི་ཡར་གཞུང་འབྲེལ་བསྐོར་སྐྱོད།
ཡུ་རོབ་མཉམ་འབྲེལ་ཀྱིས་༢༠༢༣ ལོའི་ཕྱི་ཟླ་༦ པ་ནས་བཟུང་ལོ་འདིའི་ཟླ་བ་༦ པའི་བར་གོ་ལར་གནམ་གཤིས་ཟིན་ཐོ་བཀོད་པ་ནས་བཟུང་གནམ་གཤིས་ཚ་དྲོད་ཆེ་ཤོས་བསྟན་ཡོད་རེད་ཅེས་དང་། བོད་མཐོ་སྒང་ལ་གོ་ལའི་གནམ་གཤིས་འགྱུར་ལྡོག་གིས་ཤུཊ་རྐྱེན་ནི་ཡུལ་ལུང་གཞན་ལས་ཆེ་བ་ཡོད་པའི་སྐོར་བསོད་ནམས་དབྱངས་འཛོམས་ཀྱིས་སྙན་སྒྲོན་ཞུས་ཡོད།
རེས་གཟའ་ཉི་མའི་ཉིན་ཧྥ་རན་སིའི་འོས་བསྡུར་གཡོན་ཕྱོགས་པ་ཚོར་རྒྱལ་ཁ་ཐོབ་ཡོད་པ་དེས་མི་མང་པོ་ལ་ཧང་སངས་བཅུག་ཡོད་ཀྱང་། ཆབ་སྲིད་ཚོགས་པ་སུ་གང་ལ་ཡང་གཞུང་འཛིན་རྒྱུའི་གྲངས་མང་གི་ཚད་གཞི་ལོན་མེད་པའི་རྐྱེན་གྱིས་སྲིད་དོན་ཚོགས་པའི་དབར་གྲོས་མོལ་བྱེད་བཞིན་པའི་གནས་ཚུལ་ཞིག་བསོད་ནམས་དབྱངས་འཛོམས་ལགས་ནས་སྙན་སྒྲོན་ཞུས་ཡོད།
དེ་རིང་གི་གསར་འགྱུར་ནང་༧སྐུའི་འཕྲོད་བཞེས་ཐད་དགའ་ལྡན་ཕོ་བྲང་དང་སྨན་ཁང་གི་གསར་འགོད་གསལ་བསྒྲགས་སྐོར་དང་། དབྱིན་ཇིའི་ཁ་གཏད་ཚོགས་པར་རྒྱལ་ཁ་འཐོབ་རྒྱུའི་ཚོད་དཔག ཨ་རིའི་སྲིད་འཛིན་འོས་མི་གཉིས་ཀྱིས་བགྲོ་གླེང་རྩོད་བསྡུར་དང་པོའི་རྗེས་སུ་བསྟེན་བཞིན་པའི་ཐབས་བྱུས། གསར་འགྱུར་གཞན་ཁག་ཅིག་གི་གནད་བསྡུས་སོགས་ཡོད།
ཁ་ན་ཊའི་བོད་པ་ཞིག་ལ་རྒྱལ་ཁབ་ཀྱི་ཆེས་མཐོའི་གཟེངས་རྟགས་ཐོབ་པ། ཨི་སི་རེལ་གྱིས་ག་ཛའི་སྨན་ཁང་གི་འཁྲིས་ལ་རྒོལ་རྡུང་བཏང་བ། ཨུ་རུ་སུས་ཡུ་ཀེ་རན་དུ་རྒོལ་རྡུང་བཏང་ནས་མི་ཤི་རྨས་ཐེབས་པ། དབུས་ཨེ་ཤི་ཡར་རྒྱ་ནག་དང་ཨུ་རུ་སུའི་སྲིད་འཛིན་གཉིས་ཀྱིས་གྲོས་མོལ་བྱས་པ།
ལྷོ་ཁེ་རོ་ལེ་ན་མངའ་སྡེའི་སྤྱི་ཁྱབ་ཟུར་པ་དང་མཉམ་འབྲེལ་རྒྱལ་ཚོགས་ལ་བཏང་བའི་གཞུང་ཚབ་ཟུར་པ་ཎི་ཀི་ཧེ་ལི་ལགས་ནི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མིའི་འགྲན་བསྡུར་ནས་ཕྱིར་འཐེན་གནང་ཚར་ནའང་། ཁོང་ལ་འོས་འཕེན་མཁན་ཚོས་མུ་མཐུད་དུ་རྒྱབ་སྐྱོར་བྱེད་བཞིན་ཡོད་པའི་སྐོར་བསོད་ནམས་དབྱངས་འཛོམས་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
མང་སྣོན།