ཉེ་ལམ་ཨ་མེ་རི་ཀའི་དངུལ་ཁང་མང་པོའི་མ་རྩ་བརྡིབས་ནས་སྒོ་བརྒྱབ་དགོས་བྱུང་བའི་དོན་རྐྱེན་གྱིས་གོ་ལའི་ཁྱོན་ཡོངས་ཀྱི་དཔལ་འབྱོར་ལ་ཤུཊ་རྐྱེན་ཐེབས་དང་ཐེབས་བཞིན་པ་དང་། དབུས་དངུལ་ཁང་གིས་དངུལ་བཅོལ་མཁན་དང་མ་དངུལ་ཁྲོམ་རར་བློ་འཚབ་ཞི་འཇཊ་ཡོང་ཐབས་འབད་བརྩོན་གནང་བཞིན་པའི་སྐོར་ཕུན་ཚོཊ་ལྷུན་གྲུབ་ལཊ་ཀྱིས་སྙན་སྒྲོན་ཞུས་ཡོད།
ཉི་ཧོང་དང་ལྷོ་ཀོ་རི་ཡ་གཉིས་ཀྱིས་ནམ་རྒྱུན་མཐོང་དཀོན་པའི་ཆེས་མཐོའི་འགོ་ཁྲིད་ཀྱི་ལྷན་འཛོམས་སར། རྒྱལ་ཁབ་ཕན་ཚུན་གཉིས་དབར་གྱི་ཛ་དྲག་གི་གནས་སྟངས་ཞི་ལྷོད་ཡོང་རྒྱུར་མོས་མཐུན་གྱིས་རྒྱ་ནག་དང་བྱང་ཀོ་རི་ཡའི་ཉེན་ཁ་ལ་མཉམ་གཅིག་ཏུ་ཁ་གཏད་གཅོག་རྒྱུའི་འབྲེལ་ལམ་གསར་པ་ཚུཊ་སྐོར་ཕུན་ཚོཊ་ལྷུན་གྲུབ་ལཊ་ཀྱིས་སྙན་སྒྲོན་ཞུས་ཡོད།
རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྲོལ་ཡོད་ཅིང་། ཞིས་ཅིན་ཕིང་སླར་ཡང་རྒྱ་ནག་རྒྱལ་ཁབ་ཀྱི་གཙོ་འཛིན་དང་། དབུས་དམག་དོན་ལྷན་ཁང་གི་འགན་འཛིན་དུ་“འོས་འདེམས”བྱུང་བར་མ་ཟད། དུས་ཡུན་གྱི་ཚད་བཀག་མེད་པར་ལས་ཁུར་བསྟུད་མར་ཇི་སྲིད་བར་འཛིན་ཆོག་པ་ཆགས། ཚེས་༡༡ ཉིན་ཞིས་ཅིན་ཕིང་གི་ཕྱོགས་གཏོགས་ལི་ཆང་སྲིད་བློན་དུ་བསྐོས།
སྲིད་འཛིན་ཟུར་པ་ཊམ་དང་། རྒྱལ་ཚོགས་སུ་བཅའ་སྡོད་ཨ་རིའི་སྐུ་ཚབ་ཟུར་པ་ནཱི་ཁི་ཧྭ་ལེ་ལགས་རྣམ་གཉིས། ཝ་ཤིན་ཊོན་ཉེ་འཁོར་དུ་འཚོགས་པའི་རྙིང་ཞེན་ཅན་གྱི་ཚོགས་འདུར་ཕེབས་ནས་གཏམ་བཤད་གནང་ཡོད་ཀྱང་། གཞན་རྣམས་ཡར་རྒྱས་སྐྱིད་སྡུག་ཅེས་པའི་གཙོ་སྐྱོང་འོག་ཧྥུ་ལོ་རི་ཌ་མངའ་སྡེར་ནང་མོལ་བགྲོ་གླེང་ཞིག་ཏུ་ཚོགས་བཅར་བ་རེད།
ཨ་རིས་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་ནི་རྒྱ་ནག་གི་ཚན་རིག་བརྟག་དཔྱད་ཁང་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་། ཨ་རིའི་གསང་བའི་ལས་ཁུངས་ཀྱི་ངོས་ནས་དེར་ལྟ་ཚུལ་མི་མཐུན་པ་འཛིན་བཞིན་ཡོད་ཚུལ་ཨ་རིའི་གསང་བའི་ལས་ཁུངས་ཀྱི་འགན་འཛིན་གྱིས་གསལ་བསྒྲགས་སྤེལ་ཡོད་པའི་སྐོར་ཕུན་ཚོགས་ལྷུན་གྲུབ་ལགས་ཀྱིས་སྙན་སྒྲོན་ཞུས་གནང་བ་ཞིག
འཛམ་གླིང་གང་སར། སྲིད་དོན་དང་ཚོང་དོན་གཉིས་ཆ་ནས། འཇོན་ཐང་ཡོད་པའི་བུད་མེད་ཁག་ཅིག་ལས་གནས་ནས་རྩ་དགོངས་ཞུས་ཏེ། སོ་སོའི་འདོད་མོས་ཡོད་པའི་ལས་དོན་གྱི་ཕྱོགས་སུ་དོན་གཉེར་གནང་རྒྱུ་ཡིན་འདུག་པའི་སྐོར་ཕུན་ཚོགས་ལྷུན་གྲུབ་ལགས་ཀྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུས་གནང་བ་འདིར་གསལ།
ཨ་རིའི་གྲོས་ཚོགས་གོང་མས་རེས་གཟའ་ལྷག་པའི་ཉིན་སྤྱི་མོས་ཀྱི་ཐོག་ནས་གྲོས་ཆོད་གཉིས་བཞག་སྟེ། རྒྱ་ནག་གིས་སོ་མྱུལ་སྒང་ཕུག་བཏང་ནས་ཨ་རིའི་རྒྱལ་ཁབ་ཀྱི་མངའ་ཁོངས་བདག་དབང་ལ་མངོན་སུམ་འཛེམ་མེད་ཀྱིས་བཙན་འཛུལ་བྱས་ཡོད་པར་སྐྱོན་བརྗོད་བྱས་འདུག་པའི་སྐོར་ཕུན་ཚོགས་ལྷུན་གྲུབ་ལགས་ཀྱིས་སྙན་སྒྲོན་གནང་བ་ཞིག་འདིར་འཁོད་ཡོད།
ཨ་རིའི་སྲིད་འཛིན་བྷ་ཌན་དང་གྲོས་ཚོགས་འོག་མའི་ཚོགས་གཙོ་ཁེ་ཝིན་ མེག་ཀར་ཧྥེ་རྣམ་གཉིས་ཀྱིས། རེས་གཟའ་ལྷག་པའི་ཉིན་ཨ་རིའི་གཞུང་གིས་བུ་ལོན་གཡར་རྒྱུའི་དངུལ་འབོར་གྱི་སྐོར་ནས་སྔོན་འགྲོའི་གྲོས་མོལ་གནང་ཡོད་ཅིང་། གྲོས་མོལ་དེ་ནི་ཁོང་རྣམ་གཉིས་དབར་མཉམ་ལས་གནང་ཐུབ་མིན་གྱི་ཚོད་ལྟ་ཐེངས་དང་པོ་དེ་ཆགས་ཡོད།།
ཉེ་དུས་རྒྱ་ནག་གཞུང་གིས་ནད་ཡམས་ཁྱབ་གདལ་ཕྱིན་ནས་ད་བར་གྱི་རྒྱལ་སྒོ་ཐོག་མ་ཕྱེས་ཡོད་པ་དང་བསྟུན་ནས། རྒྱ་ནག་གི་མི་སེར་ཁག་ཅིག་གིས་དུས་སྐབས་དེ་དམ་འཛིན་གྱིས་ཨ་མེ་རི་ཀར་ཡུལ་སྐོར་དུ་འབྱོར་ཡོད་པའི་སྐོར།
དུས་ཡུན་ལོ་ངོ་གཅིག་རིང་ལ་གྲོས་མོལ་བྱས་རྗེས། ཨི་ཀཱོ་ཌོར་གྱིས་ཉེ་ཆར་རྒྱ་ནག་མཉམ་དུ་རང་དབང་གི་ཚོང་དོན་ཆོད་གན་བཞག་ཐུབ་ཡོད་པའི་གསལ་བསྒྲགས་སྤེལ་འདུག ཚོང་དོན་ཆོད་གན་དེ་ལས། ཨི་ཀཱོ་ཌོར་གྱི་སོ་ནམ་ཞིང་ལས་ཀྱི་ཐོན་རྫས། ཆུ་འབུ་གློ་ཉ། ངང་ལག །ཁཱ་ཧྥེ། ཁོ་ཁོ་ཨཱ་སོགས་ཕྱི་གཏོང་བྱ་རྒྱུའི་ཐད་ལ་ཡར་རྒྱས་གཏང་རྒྱུ་ཡིན་པ་རེད།
ད་ལྟ་རྒྱ་ནག་ཏུ་ཏོག་དབྱིབས་ནད་ཡམས་མུ་མཐུད་ནས་ཁྱབ་གདལ་ཤུཊ་ཆེ་འགྲོ་བཞིན་པ་དང་།སྤྱི་ལོ་༢༠༢༣ སླེབས་ལ་ཉེ་བའི་དུས་སྐབས་འདིར་རྒྱ་ནག་གི་མི་དམངས་ཚོ་ནད་ཡམས་ཁྱབ་གདལ་གྱི་ཀློང་ནས་ལོ་གསར་པའི་ནང་བསྐྱོད་དགོས་བྱུང་ཞིང་།ལོ་ན་མཐོ་བའི་མི་རྒན་པ་རྣམས་དང་སྔར་ནས་ན་ཚ་ཡོད་པའི་ནད་པ་རྣམས་ལ་ཉེན་ཁ་ཆེན་པོ་འཕྲད་བཞིན་པའི་གནས་ཚུལ།
ཨ་མེ་རི་ཀའི་གྲོས་ཚོགས་གོང་མས་ནོར་སྲིད་ལོ་འཁོར་གྱི་རྒྱལ་སྲུང་འགྲོ་གྲོན་སྐོར་གྱི་ཁྲིམས་གཞི་གསར་པ་ཞིག་ལ་གྲོས་འཆམ་བྱུང་སྟེ། ཁྲིམས་གཞི་དེས་ཨ་མེ་རི་ཀའི་དམག་གི་སྟོབས་ཤུགས་སྔར་ལས་ལྷག་པར་ཡར་རྒྱས་གཏང་རྒྱུ་དང་། ཐེ་ཝན་ལ་ལོ་ལྔའི་རིང་དམག་དོན་གྱི་རོཊ་དངུལ་ཨ་སྒོར་ཐེར་འབུམ་བཅུ་སྤྲོད་འཆར་རེད་འདུག།