རྒྱལ་ས་ལྡི་ལིར་འཚོགས་པའི་འབྱོར་ལྡན་རྒྱལ་ཁབ་ཉི་ཤུའི་ཚོགས་ཆེན་རིང་སྲིད་འཛིན་བྷ་ཌན་གྱིས་རྒྱ་ནག་གི་མཐོ་རིམ་མི་སྣ་དང་ཐད་ཀར་བཀའ་མོལ་གནང་། ཝེ་ཊི་ནེམ་ལ་ལོ་རྒྱུས་རང་བཞིན་ལྡན་པའི་འཚམས་འདྲི་གཟིགས་སྐོར་གནང་སྐབས་རྒྱལ་ཁབ་གཉིས་བར་གྱི་ཕྱོགས་ཡོངས་མཉམ་འབྲེལ་འཐབ་ཇུས་ནི་རྒྱ་ནག་སྟངས་འཛིན་བྱེད་པའི་ཆེད་དུ་མིན་ཞེས་བརྗོད།
ཐེངས་འདིའི་རྩོམ་སྒྲིག་པའི་གཏམ་ཚོགས་པོ་ཊི་ཁ་སི་ལས་རིམ་ནང་། ཐེ་ཝན་གྱི་༢༠༢༤ ལོའི་སྲིད་འཛིན་འོས་བསྡུའི་ནང་མཉམ་ཞུགས་གནང་མཁན་གྱི་འོས་མི་དང་། རྒྱ་ནག་དང་རྒྱལ་སྤྱིའི་སྟེང་འོས་བསྡུ་དེར་དོ་སྣང་ག་ཚོད་བྱེད་བཞིན་པ་དང་དོ་སྣང་བྱེད་དགོས་པའི་རྒྱུ་མཚན་སོགས་ཀྱི་ཐད་བགྲོ་གླེང་བྱས་ཡོད།
རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ལི་ཧྲང་ཧྥུ་ཡིས་ཉེ་ཆར་ཨུ་རུ་སུ་དང་བྷེ་ལ་རུ་སུའི་ནང་འཚམས་གཟིགས་གནང་སྟེ་རྒྱ་ནག་གིས་རྒྱལ་ཁབ་དེ་གཉིས་ལ་རྒྱབ་སྐྱོར་བྱེད་པའི་རྣམ་འགྱུར་བསྟན། དེ་ནི་ཨུ་རུ་སུས་ཡུག་ཀེ་རན་ལ་བཙན་འཛུལ་བྱས་རྐྱེན་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་རྒྱལ་ཁབ་དེ་གཉིས་གྲོགས་མེད་ཁེར་རྐྱང་དུ་འཇོག་བཞིན་པའི་སྐབས་དང་འཁེལ།
ཨ་རི་དང་ཉི་ཧོང་། ལྷོ་ཀོ་རི་ཡ་བཅས་ཀྱིས་དམག་དོན་མཉམ་འབྲེལ་གཏིང་ཟབ་ཏུ་གཏོང་རྒྱུའི་མོས་མཐུན་བྱས་ནས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་རྒྱ་ནག་གི་བྱ་སྤྱོད་ལ་སུམ་འབྲེལ་གྲོས་མོལ་ཐོག་ཁ་རྡུང་བཏང་། རྒྱ་ནག་གིས་ཐེ་ཝན་ཉེ་འཁོར་དུ་དམག་དོན་ལས་འགུལ་ཇེ་མང་བཏང་བས་ཐེ་ཝན་ལ་བཙན་འཛུལ་བྱེད་སྲིད་པའི་སེམས་ཁྲལ་ཆེ་རུ་འགྲོ་བཞིན་པ་རེད།
རྒྱ་ནག་གི་སྲིད་དོན་དཔྱད་བརྗོད་པ་ཧུ་ཞི་ཅིན་ཏེ། རྒྱ་ནག་གཞུང་འབྲེལ་གསར་ཤོག་གོ་ལའི་དུས་བབ་ཀྱི་སྤྱི་ཁྱབ་རྩོམ་སྒྲིག་པ་ཟུར་པས་སྲིད་གཞུང་གིས་སྔོན་བརྡ་མ་བཏང་བ་དང་ཉེན་སྐྱོབ་མ་བྱས་པའི་སྐྱོན་བརྗོད་ནི་དངོས་དོན་དང་མི་མཐུན། དེ་ནི་མང་ཚོགས་ཀྱིས་སྙིང་ནད་ཁ་སངས་བྱེད་བཞིན་པ་འབའ་ཞིག་རེད་ཟེར། འདི་ནི་བདེན་པ་མ་རེད།
རྒྱ་ནག་གི་གཞུང་འབྲེལ་གསར་ཤོག་གོ་ལའི་དུས་བབ་ཀྱིས། རྒྱ་ནག་ཏུ་ཕྱི་ལོ་༢༠༠༠ ནས་༢༠༢༡ ལོའི་བར་ནགས་ཚལ་ལ་མེ་སྐྱོན་བྱུང་སྟེ་མཁའ་དབྱིངས་སུ་ནག་རྫས་བཏང་བའི་ཚད་ནི་ཏུན་ས་ཡ་༡༥ ཙམ་ཡིན་པ་དང་། དེ་ནི་འཛམ་གླིང་སྤྱི་ནས་ནགས་ཚལ་མེ་སྐྱོན་གྱིས་མཁའ་དབྱིངས་སུ་ནག་རྫས་བཏང་བའི་སྤྱིའི་ཚད་ཀྱི་བརྒྱ་ཆའི་༠.༢ ལས་ཟིན་མེད་ཟེར། ལོག་འགྲེལ།
ཨ་རིའི་ཕྱི་སྲིད་དྲུང་ཆེས་བདུན་ཕྲག་འདིའི་ནང་ཊོན་གྷ་དང་། ནེའུ་ཛི་ལན་ཌི། ཨོ་སི་ཏྲོ་ལི་ཡ་བཅས་སུ་འཚམས་འདྲི་གཟིགས་སྐོར་གནང་རྒྱུ་དང་། ཊོན་གྷའི་རྒྱལ་ས་རུ་ཨ་རིའི་གཞུང་ཚབ་ཁང་གསར་པ་ཞིག་སྒོ་འབྱེད་བྱས་ནས་ས་ཁུལ་དེའི་ནང་གི་རྒྱ་ནག་ཤུགས་རྐྱེན་ལ་གདོང་ལེན་བྱ་རྒྱུ་ཡིན་པའི་གནས་ཚུལ་པདྨ་རྡོ་རྗེས་ཕབ་སྒྱུར་དང་སྙན་སྒྲོན་བྱས།
ཕྱི་ཟླ་དྲུག་པའི་ཚེས་༢༨ ཉིན། རྒྱ་ནག་གི་གཞུང་འབྲེལ་ཞིན་ཧྭ་གསར་ཁང་གིས་བརྗོད་པ་ལྟར་ན། ཨ་རིས་རིག་དངོས་བདག་དབང་སྟེ་དམིགས་བསལ་སྒོས་བཟོ་ལས་བདག་དབང་བཀོལ་ནས་རྒྱ་ནག་དཔལ་འབྱོར་འཕེལ་རྒྱས་ལ་གནོད་པ་སྐྱེལ་བཞིན་ཡོད། དེ་ནི་ལོག་འགྲེལ་རེད།
༡༩༥༡ ལོའི་སྐྱབས་བཅོལ་བའི་སྤྱི་ཆིངས་ནང་དུ་སྐྱབས་བཅོལ་བའི་མཚན་ཉིད་དང་། ཆབ་སྲིད་སྐྱབས་བཅོལ་བར་ངོས་ལེན་བྱས་པའི་མི་སྣའི་འགན་འཁྲི་དང་དོ་བདག་རྒྱལ་ཁབ་ཀྱི་འོས་འགན་སོགས་གཏན་འབེབ་བྱས་ཡོད། ཐ་སྙད་འདི་དག་གི་མཚན་ཉིད་ལ་ཁྱད་པར་ག་རེ་ཡོད་པ་དང་། དེ་ལྟར་ཁྱད་པར་གསལ་ཁ་གཏོད་རྒྱུ་གལ་ཆེ་བའི་རྒྱུ་མཚན་ཅི་ཞིག་ཡིན་ནམ།
སྲིད་འཛིན་ཟུར་པ་ཌོ་ནལ་ ཊམ་ལ་གསང་བའི་ཡིག་ཆ་ལ་བདག་ཉར་ཡག་པོ་མ་བྱས་པའི་ཐད་གཟའ་མིག་དམར་ཉིན་དངོས་སུ་ཉེས་འཛུགས་བྱ་རྒྱུ་ཡིན་པ་རེད། དོན་དག་འདིའི་སྲིད་དོན་ཚོགས་པ་གཉིས་གཙོ་བོར་བྱས་པའི་སྤྱི་ཚོགས་ཁྲོད་དུ་རྩོད་གཞི་ཤུགས་ཆེར་འགྲོ་བཞིན་པའི་ཐད། པདྨ་རྡོ་རྗེས་འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་གནས་ཚུལ་ཕབ་སྒྱུར་བྱས་ཡོད།
ཀོ་རི་ཡ་ཕྱེད་གླིང་གི་ཉེ་འདབས་སུ་རྒྱ་ནག་དང་ཨུ་རུ་སུའི་མཁའ་དམག་གནམ་གྲུ་འཕུར་འཛུལ་བྱས་པའི་རྐྱེན་གྱིས་ལྷོ་ཀོ་རི་ཡས་འཐབ་འཛིང་གནམ་གྲུ་ཆེད་གཏོང་བྱས་ཡོད་པ་རེད། ཡང་དེའི་སྔོན་དུ་ཨ་མི་རི་ཀ་དང་རྒྱ་ནག་གི་རྒྱལ་སྲུང་འགོ་ཁྲིད་ཚོས་ཐེ་ཝན་མཚོ་འགག་གི་ཐོག་ཕྱོགས་གཞན་དེ་ཡིས་འཁོན་འཛིན་ཇེ་ཆེར་གཏོང་གི་ཡོད་པ།
རྒྱ་ནག་གཞུང་འབྲེལ་གསར་ཁང་གིས་བོད་དུ་གཉའ་གནོན་ཐད་ལོ་གཞོན་རྣམས་ཀྱི་བརྙན་པར་ཟིན་ཐོ་དྲིལ་སྒྲོག་ཤུགས་ཆེར་སྤེལ། Chinese State Media Boosts ‘Gen Z Vloggers’ Whitewashing Tibet Repression
ཨུ་རུ་སུའི་མཁའ་དབྱིངས་འཕུར་གྲུ་ལས་ཁུངས་ཀྱི་འགན་འཛིན་ཟུར་པ་ཌི་མི་ཏྲེ་ རོ་གྷོ་ཛིན་གྱིས་ཕྱི་ཟླ་ལྔ་བའི་ཚེས་༧ ཉིན་ཨ་རི་ཟླ་བ་གོ་ལའི་སྟེང་བབས་པ་ནི་མགོ་སྐོར་ཞིག་རེད་ཅེས་བསྐྱར་དུ་བཤད། ཁོས་ལོ་གཅིག་ལྷག་གི་རིང་ཞིབ་འཇུག་བྱས་ནའང་ཨ་རི་ནི་ཟླ་བ་གོ་ལའི་སྟེང་བབས་པའི་དཔང་རྟགས་གང་ཡང་རྙེད་མ་བྱུང་ཟེར། དེ་ནི་ལོག་བཤད་རེད།
ཕྱི་ཟླ་བཞི་བའི་ཚེས་༡༧ ཉིན། རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཝང་ཝེན་པིན་གྱིས། མི་ཆོས་རིང་ལུགས་གཞི་ལ་བཞག་ནས་ང་ཚོས་ཨ་རི་དང་མཉམ་དུ་ཉལ་ཐ་ཧྥན་ཐ་ནེལ་ལོག་པར་སྤྱོད་པའི་གནད་དོན་སེལ་ཐབས་སུ་གང་ནུས་ཅི་ལྕོགས་སྒོས་མཉམ་ལས་བྱེད་བཞིན་ཡོད་ཟེར། འདི་ནི་ལོག་སྨྲ་རེད།
ཀུན་གླེང་ལས་རིམ་ནང་བོད་དུ་སློབ་གྲྭ་ཆེན་མོའི་དགེ་རྒན་གནང་མྱོང་བའི་སྤྱི་ཚོགས་རིག་པའི་འབུམ་རམས་པ་དགེ་རྒན་རྒྱལ་ལོ་ལགས་དང་ལྷན་དུ་བོད་ནང་གི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་གསོའི་མ་ལག་དང་། བོད་ཡིག་སློབ་ཁྲིད་ཀྱི་དཀའ་ངལ། དེ་བཞིན་ད་ལྟའི་བོད་ནང་གི་ཤེས་རིག་སློབ་གསོའི་གནས་སྟངས་སོགས་ཀྱི་ཐད་བགྲོ་གླེང་བྱས་ཡོད།
ཀུན་གླེང་ལས་རིམ་དུ་པདྨ་རྡོ་རྗེས་འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་རྩོམ་སྒྲིག་པ་རྡོ་རྗེ་ཚེ་བརྟན་དང་ལྷན་ཡུག་ཀེ་རན་དམག་འཁྲུག་འགོ་ཚུགས་ནས་ལོ་གཅིག་ཏག་ཏག་འཁོར་བའི་ཉིན་མོ་དང་སྟབས་བསྟུན་ད་ལྟའི་དམག་འཁྲུག་གི་གནས་སྟངས་དང་། རྒྱབ་ལྗོངས། མ་འོངས་ཁ་ཕྱོགས་སོགས་ཀྱི་ཐད་བགྲོ་གླེང་ཞུ་རྒྱུ་ཡིན་པས་གསན་གཟིགས་གནང་བར་ཞུ།།
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་དབྱིན་ཡུལ་དང་ཨ་རི། ཁེ་ན་ཌ་བཅས་སུ་ཕྱོགས་སྐྱོད་གནང་བཞིན་པ་ལྟར། དེ་རིང་གཟའ་ཕུར་བུའི་ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་ཨ་རིའི་གཞུང་གི་དམིགས་བསལ་བོད་དོན་འབྲེལ་མཐུད་པ་Uzra Zeya ལགས་དང་མཇལ་འཕྲད་གནང་བ་རེད།
.
ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་སིར་གྷེ་ ལ་ཝི་རོབ་ཀྱིས་ཨུ་རུ་སུ་གྲོགས་མེད་ཁེར་རྐྱང་དུ་འཇོག་རྒྱུའི་འབད་བརྩོན་ལ་གྲུབ་འབྲས་གང་ཡང་ཐོན་མེད། ནུབ་ཕྱོགས་ཀྱི་ལས་རོགས་དག་གི་འབྲས་མེད་ཀྱི་འབད་བརྩོན་ལ་མངོན་སུམ་གྱི་གྲུབ་འབྲས་གང་ཡང་ཐོན་མེད་ཅེས་བརྗོད། འདི་ནི་ལོག་འགྲེལ་ལོ།།
སྲིད་འཛིན་བྷ་ཌན་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གཉིས་གཟའ་ཟླ་བའི་ཉིན་ཨིན་རྡུ་ནེ་ཤི་ཡའི་ནང་མཇལ་འཕྲད་གནང་། འདི་ནི་ལོ་གཉིས་ཙམ་གྱི་སྔོན་ལ་བྷ་ཌན་གྱིས་སྲིད་འཛིན་འོས་འགན་བཞེས་པའི་རྗེས་འགོ་ཁྲིད་གཉིས་དངོས་སུ་མཇལ་འཕྲད་གནང་བ་ཐེངས་དང་པོ་ཡིན་ཞིང་། སྟོབས་ཆེན་རྒྱལ་ཁབ་༢༠ ཡི་ཚོགས་ཆེན་སྟེང་ཞོར་དུ་མཇལ་འཕྲད་གནང་བ་རེད།
མང་སྣོན།