༄༅། ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་རྡུལ་ཕྲན་རྩེ་མདེལ་འཁྱེར་ཐུབ་པའི་འཛམ་གླིང་གི་མཚོན་ཆ་ཡག་ཤོས་ཡིན་ཞེས་རྒྱང་འཕེན་འཕུར་མདེལ་ཞིག་ཚོད་ལྟ་བྱས་ཡོད་ཅིང་། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུའི་འཕུར་མདེལ་དེ་ཉེན་ཚབས་ཅན་མ་རེད་ཅེས་འགྲེལ་བཤད་ཐ་དད་ཅིག་རྒྱག་གི་ཡོད་པའི་སྐོར།
༄༅། ཨ་རིའི་སྤྱི་དམངས་རྒྱ་ནག་པ་ཤེས་ཡོན་ཅན་ཞིག་གིས་ཞིབ་འཇུག་བྱས་པའི་དཔེ་དེབ་གསར་པ་ཞིག་ཐོན་ཡོད་པ་དེར་འཁོད་དོན་ལྟར་ན། རྒྱ་ནག་གིས་བོད་ཞི་བའི་བཅིངས་འགྲོལ་བཏང་པ་ཡིན་ཟེར་གྱི་ཡོད་ཀྱང་དོན་དངོས་སུ་བོད་ལ་ཆེས་གདུག་རྩུབ་ཀྱི་སྒོ་ནས་བཙན་འཛུལ་བྱས་འདུག་ཅེས་ཐེར་འདོན་བྱས་ནས་དཔེ་དེབ་བརྩམས་འདུག་པའི་སྐོར།
ཨ་རིའི་བསྐྱར་ཞིབ་དབང་ལྡན་ཁྲིམས་ཁང་གི་ཁྲིམས་དཔོན་ཀི་ཏན་ཇཱི་ བྷ་རོང་ ཇཱེཀ་སན་གཟའ་འཁོར་འདིར་ཨ་རིའི་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་དུ་གཏན་འབེབས་ཡོང་རྒྱུའི་རྟགས་མཚན་ཡོད་པ་རེད།།
ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་དང་རྒོལ་རྡུང་གཏོང་རྒྱུ་ཤུགས་ཆེ་རུ་ཕྱིན་ཡོད་ཅིང་། ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིས་རྒྱལ་སྲུང་གི་ཁ་ཕྱོགས་གསར་པ་ཞིག་ལ་འགྱུར་གྱི་འདུག་ཅེས་གཏམ་བཤད་བྱས་འདུག་པ་སོགས་ཡུཀ་རེན་གྱི་དམག་འཁྲུག་གི་གནས་ཚུལ་གསར་དུ་ཐོན་པ་པདྨ་བདེ་ཆེན་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།
ད་ལྟ་ཨུ་རུ་སུའི་དམག་གིས་དངོས་སུ་ཡུཀ་རེན་ལ་བཙན་འཛུལ་བྱེད་ཀྱི་ཡོད་པར་འཛམ་གླིང་ཡོངས་སུ་ཨུ་རུ་སུར་སྐྱོན་བརྗོད་ཤུགས་ཆེན་བྱེད་བཞིན་ཡོད་ཅིང་། ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་གྱིས་ཨུ་རུ་སུར་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་སྣོན་མ་འགེལ་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་ཡོད་པ་སོགས་ཀྱི་སྐོར།
༄༅།། ཨུ་རུ་སུས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་གཏོར་རྒོལ་བྱ་རྒྱུ་འགོ་བཙུགས་པར་འཛམ་གླིང་རྒྱལ་ཁབ་ཁག་གི་དབུ་ཁྲིད་ཚོས་སྐྱོན་བརྗོད་དྲག་པོ་བྱེད་ཀྱི་ཡོད་ཅིང་། ཡུ་རོབ་མཉམ་འབྲེལ་གྱིས་ཨུ་རུ་སུ་ལ་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་ནན་པོ་ཞིག་གཅོད་རྒྱུ་ཡིན་པའི་སྐོར།
ཨ་རིའི་གྲོས་ཚོགས་འོག་མས་རྒྱ་ནག་ལ་འགྲན་སྡུར་བྱེད་ཕྱོགས་ཀྱི་ཁྲིམས་གཞི་གཏན་འབེབས་བྱས་ཡོད་ཅིང་། ཨ་རིའི་ཁྲིམས་གཞི་དེའི་འབྲུ་དོན་ཁག་ཅིག་གིས་རྒྱ་ནག་གི་དབང་སྒྱུར་འོག་ཏུ་སྡུག་སྦྱོང་མྱོང་བཞིན་པའི་བོད་པ་ཚོར་རྒྱབ་སྐྱོར་འཐོབ་རྒྱུ་ཤུགས་ཆེ་རུ་ཕྱིན་ཡོད་ཅེས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གསལ་སྟོན་བྱས་ཡོད་པ།
ཉེ་ཆར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲདི་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ རྒྱ་གར་གྱི་སྲིད་བློན་མན་མོ་ཧན་ སིང་མཆོག་རྣམ་གཉིས་...