ཞིན་ཅང་གི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་འདོན་དགོས་པའི་ནན་སྐུལ།

༄༅། ཉེ་ཆར་རྒྱ་ནག་ལ་གཟིགས་ཞིབ་ཏུ་ཕེབས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྤྱི་ཁྱབ་ཀྱིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ཟིན་ཐོར་སྐྱོན་བརྗོད་སོགས་གང་ཡང་བྱུང་མ་སོང་ཞེས་སྐྱོན་བརྗོད་བྱེད་ཀྱི་ཡོད་ཅིང་། ནུབ་ཕྱོགས་རྒྱལ་ཁབ་ཁག་གི་སྲིད་གཞུང་དང་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་བ་ཚོས་རྒྱལ་ཚོགས་ཀྱིས་ཞིན་ཅང་གི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་འདོན་རྒྱུ་ཕར་འགྱངས་བྱས་པ་དེ་འཕྲལ་དུ་འགྲེམ་སྤེལ་བྱ་དགོས་ཞེས་སྐུལ་ལྕག་བཏང་བར་མ་ཟད། རྒྱལ་ཚོགས་ཀྱི་ཨ་རིའི་རྒྱུན་བཞུགས་གཞུང་ཚབ་ཟུར་པ་ཎི་ཀི་ཧེ་ལིས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྤྱི་ཁྱབ་རང་གི་ལས་གནས་ནས་དགོངས་ཞུ་དགོས་ཞེས་དགོས་འདུན་བཏོན་འདུག་པའི་སྐོར། རྒྱལ་སྤྱིའི་གསར་ཤོག་ཁག་ཏུ་ཐོན་པའི་གནས་ཚུལ་རྣམས་པདྨ་བདེ་ཆེན་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།

Your browser doesn’t support HTML5

ཞིན་ཅང་གི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་འདོན་དགོས་པའི་ནན་སྐུལ།